༄༅། །ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་2025ལོའི་སློབ་མ་བསྡུ་བའི་སྒྲིག་ཡིག

发布时间: 2025-04-11 11:32:00 来源: 招生办

གཅིག སློབ་གླིང་ངོ་སྤྲོད།

ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་ནི་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་མོ་མཆོག་དང་སྐུ་ཞབས་ཀྲའོ་པུའུ་ཁྲུའུ་རྣམ་གཉིས་ཀྱིས་གྲོས་འགོ་བཏོན་ཏེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་ཆོག་མཆན་གནང་བ་བརྒྱུད། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་བོད་བརྒྱུད་ནང་བསྟན་གྱི་མཐོ་རིམ་སློབ་གླིང་ཞིག་ཡིན། སློབ་གླིང་འདི་ཉིད་1987ལོའི་ཟླ་9ཚེས་1ཉིན་པེ་ཅིང་དུ་དབུ་བརྙེས་པ་དང་། བོད་བརྒྱུད་ནང་བསྟན་གྱི་དེང་རབས་སློབ་གསོའི་སློབ་གླིང་མཐོ་ཤོས་ཡིན། སློབ་གླིང་གིས་ཆབ་སྲིད་ཐད་བློས་འཁེལ་ལ། ཆོས་ལུགས་ཐད་སྐུ་ཡོན་ཆེ་བ་དང་། ཀུན་སྤྱོད་ཐད་དམངས་མགུ་བ། འགག་རྩའི་དུས་སུ་ནུས་པ་ཐོན་ཐུབ་པའི་རྒྱལ་གཅེས་ཆོས་གཅེས་ཀྱི་བྱང་ཚད་མཐོ་བའི་ཕུལ་བྱུང་དགེ་འདུན་པ་གསོ་སྐྱོང་བྱ་རྒྱུ་དམིགས་ཡུལ་དུ་བཟུང་ཞིང་། མཐོ་རམས་པ་གསོ་སྐྱོང་དང་ཡོན་གནས་སྤྲོད་ཆོག་པའི་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་མཐོ་རིམ་སློབ་གླིང་ཉག་ཅིག་ཡིན། པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་མོ་མཆོག་གིས་གླིང་གཙོ་ཐོག་མའི་ཐུགས་འགན་བཞེས་མྱོང་བ་དང་། མིག་སྔར་ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་དྲུག་པ་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་གིས་གླིང་གཙོའི་ཐུགས་འགན་བཞེས་བཞིན་ཡོད། སློབ་གླིང་ནི་པེ་ཅིང་གྲོང་ཁྱེར་ཁྲའོ་དབྱང་ཁུལ་དགོན་སེར་ནུབ་མར་ཆགས་པ་དང་། སློབ་སྦྱོང་གི་ཁོར་ཡུག་ཉམས་དགའ་ཞིང་མཐུན་རྐྱེན་ཚང་བ་དང་། དགེ་རྒན་གྱི་དཔུང་ཁག་བཟང་པོ་ཡོད། 2004ལོར་བོད་བརྒྱུད་ནང་བསྟན་གྱི་ཡོན་གནས་ལམ་ལུགས་གསར་པ་འཛུགས་སྐྱོང་དང་ལག་བསྟར་བྱས་ཚུན། སློབ་གླིང་གིས་ཁྱོན་བསྡོམས་མཐོ་རམས་པ་363དང་། འབྲིང་རམས་པ་150གསོ་སྐྱོང་བྱས་ཡོད།


གཉིས། སློབ་བསྡུའི་འཆར་གཞི།

2025ལོར་སློབ་གླིང་གིས་མཐོ་རམས་པ་འཛིན་གྲྭར་ཁྱོན་སློབ་མ་39སྟེ་དགེ་ལུགས་པ་13དང་། ས་སྐྱ་བ་13 བོན་པོ་13བཅས་བསྡུ་འཆར་ཡོད། དེ་ཡང་ས་ཁུལ་དང་གྲུབ་མཐའ་ཁག་ནས་བསྡུ་རྒྱུའི་འཆར་གཞི་གཤམ་གསལ།  

གསུམ། སློབ་བསྡུའི་ཁྱབ་ཁོངས།

སློབ་བསྡུའི་ཁྱབ་ཁོངས་ནི་བོད་བརྒྱུད་ནང་བསྟན་སློབ་གླིང་གི་འབྲིང་རམས་པའི་ཡོན་གནས་ཐོབ་མཁན་དང་། ནང་རིག་ཆུ་ཚད་བཟང་བའི་བོད་བརྒྱུད་ནང་བསྟན་དགོན་སྡེའི་ཕུལ་བྱུང་དགེ་འདུན་པ་ཡིན་དགོས།


བཞི། མིང་ཐོ་འགོད་པའི་ཆ་རྐྱེན།

1.ཀྲུང་གོ་གུང་ཁྲན་ཏང་གི་དབུ་ཁྲིད་ལ་བརྩི་བཀུར་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་དགའ་ཞེན། མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་། རྒྱལ་གཅེས་ཆོས་གཅེས། ཁ་ཕྲལ་ལ་ངོ་རྒོལ་ཐུབ་པ་བཅས་དང་།

2.ཁྲིམས་འགལ་ཉེས་གསོག་སོགས་ཀྱི་ཟིན་ཐོ་མེད་པ།

3.བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་ལས་རིགས་མི་སྣའི་ཐོབ་ཐང་ངོས་འཛིན་བྱེད་ཐབས་》གཞིར་བཟུང་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་མི་སྣའི་ཐོབ་ཐང་ཐོབ་པ།

4.རྒྱུགས་འབུལ་བའི་ན་ཚོད་དེ་གཞི་རྩའི་ཆ་ནས་རང་ལོ་30ནས་50བར་ཡིན་དགོས།

5.རྣམ་འགྲེལ་དང་། ཕར་ཕྱིན། དབུ་མ། མཛོད་བཅས་དང་། འདུལ་བ་གཞི་སྟོད་ཡན་ཆད་སློབ་གཉེར་ཟིན་པ།

6.རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་བེད་སྤྱད་ནས་ལྟ་ཀློག་དང་ཁ་བརྡ་བྱེད་ཐུབ་པ།

7.ཀུན་སྤྱོད་བཟང་ཞིང་ཚུལ་ཁྲིམས་གཙང་བ།

8.གཅོང་ནད་དང་འགོས་ནད་སོགས་མེད་པར་ལུས་པོ་བདེ་ཐང་ཡིན་དགོས།


ལྔ། མིང་ཐོ་འགོད་ཐབས།

1.རང་སྒེར་གྱི་ཐོབ་ཐང་ལག་ཁྱེར་གྱི་བསྐྱར་དཔར་དང་།

2.བོད་བརྒྱུད་ནང་བསྟན་ཆོས་ལུགས་ལས་རིགས་མི་སྣའི་ལག་ཁྱེར་སྤྲུལ་སྐུའི་ལག་ཁྱེར་གྱི་བསྐྱར་དཔར།

3.རྣམ་གཞག་ཚད་ལྡན་གྱི་རང་ཉིད་ཀྱི་རེ་འདུན་ཞུ་ཡིག།

4.ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་སློབ་བསྡུའི་ཐོ་འགོད་མཚམས་སྦྱོར་རེའུ་མིག་སྐོང་དགོས།

5.ཞིང་ཆེན་རིམ་པའི་བོད་བརྒྱུད་ནང་བསྟན་སློབ་གླིང་གི་ལོ་འདིའི་འབྲིང་རམས་པ་ཡོན་གནས་འཛིན་གྲྭའི་སློབ་ཐོན་སློབ་མ་ངེད་སློབ་གླིང་ལ་རྒྱུགས་སྤྲོད་པར་སློབ་གླིང་གང་དེའི་མཚམས་སྦྱོར་ཡི་གེ་དགོས་ཤིང་ངེད་སློབ་གླིང་གི་སློབ་འགོ་མ་ཚུགས་གོང་ལ་འབྲིང་རམས་པའི་ཡོན་གནས་ཐོབ་པ་དགོས།

6.ངེད་སློབ་གླིང་གི་དྲ་ཐོག་ཐོ་འགོད་མ་ལག་བརྒྱུད་མིང་ཐོ་བཀོད་ཆོག

7.རྒྱུགས་སྤྲོད་པས་གོང་གསལ་ཡིག་ཆ་དང་མགོ་པར་ཚུན་གཅིག་ཅན་གསུམ་རེ་ཁྱེར་ཏེ་མིང་ཐོ་འགོད་སར་ཐོ་འགོད་དུ་ཡོང་དགོས།


དྲུག རྒྱུགས་ར་བཀོད་སྒྲིག་དང་རྒྱུགས་ལེན་དུས་ཚོད།

2025ལོའི་སློབ་མ་བསྡུ་ལེན་ལ་བོད་ལྗོངས་ལྷ་ས་དང་། སི་ཁྲོན་རྔ་བ་རྫོང་། སི་ཁྲོན་སེར་ཤུལ་རྫོང་། ཀན་སུའུ་བསང་ཆུ་རྫོང་བཅས་སུ་རྒྱུགས་ར་ཁག་བཞི་བཀོད་སྒྲིག་བྱས་ཡོད།

1.རྒྱུགས་ར་དང་པོ། བོད་ལྗོངས་ནང་བསྟན་སློབ་གླིང་དུ་བཀོད་སྒྲིག་བྱས་ཡོད། དེ་གའི་རྒྱུགས་ལ་ཞུགས་མཁན་དགེ་ལུགས་པ་དང་ས་སྐྱ་བ། བོན་པོའི་དགེ་འདུན་པ་ཡིན་དགོས། རྒྱུགས་རར་འབྱོར་ཐོ་འགོད་པའི་དུས་ཚོད་ནི་2025ལོའི་ཟླ་5ཚེས་26དང་27ཉིན་དང་། རྒྱུགས་ལེན་པའི་དུས་ཚོད་ནི་ཟླ་5ཚེས་28ནས་31བར་ཡིན།

2.རྒྱུགས་ར་གཉིས་པ། སི་ཁྲོན་རྔ་བ་རྫོང་སྣང་ཞིག་དགོན་དུ་བཀོད་སྒྲིག་བྱས་ཡོད། དེ་གའི་རྒྱུགས་ལ་ཞུགས་མཁན་བོན་པོའི་དགེ་འདུན་པ་ཡིན་དགོས། རྒྱུགས་རར་འབྱོར་ཐོ་འགོད་པའི་དུས་ཚོད་ནི་2025ལོའི་ཟླ་5ཚེས་26དང་27ཉིན་དང་། རྒྱུགས་ལེན་པའི་དུས་ཚོད་ནི་ཟླ་5ཚེས་28ནས་31བར་ཡིན།

3.རྒྱུགས་ར་གསུམ་པ། སི་ཁྲོན་སེར་ཤུལ་རྫོང་སེར་ཤུལ་དགོན་དུ་བཀོད་སྒྲིག་བྱས་ཡོད། དེ་གའི་རྒྱུགས་ལ་ཞུགས་མཁན་དགེ་ལུགས་པ་དང་ས་སྐྱ་བའི་དགེ་འདུན་པ་ཡིན་དགོས། རྒྱུགས་རར་འབྱོར་ཐོ་འགོད་པའི་དུས་ཚོད་ནི་2025ལོའི་ཟླ་6ཚེས་3དང་4ཉིན་དང་། རྒྱུགས་ལེན་པའི་དུས་ཚོད་ནི་ཟླ་6ཚེས་5ནས་8བར་ཡིན།

4.རྒྱུགས་ར་བཞི་པ། ཀན་སུའུ་བསང་ཆུ་རྫོང་བླ་བྲང་དགོན་དུ་བཀོད་སྒྲིག་བྱས་ཡོད། དེ་གའི་རྒྱུགས་ལ་ཞུགས་མཁན་ནི་དགེ་ལུགས་པའི་དགེ་འདུན་པ་ཡིན་དགོས། རྒྱུགས་རར་འབྱོར་ཐོ་འགོད་པའི་དུས་ཚོད་ནི་2025ལོའི་ཟླ་6ཚེས་3དང་4ཉིན་དང་། རྒྱུགས་ལེན་པའི་དུས་ཚོད་ནི་ཟླ་6ཚེས་5ནས་8བར་ཡིན།

རྒྱུགས་སྤྲོད་པ་རྣམས་ཀྱིས་འབྲེལ་ཡོད་ཡིག་ཆ་ཁྱེར་ནས་ཐག་གང་ཉེའི་རྒྱུགས་རར་ཕེབས་ནས་རྒྱུགས་ལ་ཞུགས་ཆོག ཡུན་ནན་ཞིང་ཆེན་གྱི་རྒྱུགས་སྤྲོད་པ་རྣམས་གཅིག་གྱུར་ཐོག་བོད་རང་སྐྱོང་ལྗོངས་ཀྱི་རྒྱུགས་རར་ཡོང་དགོས།

རྒྱུགས་ལེན་དུས་ཚོད་ལ་འགྱུར་ལྡོག་བྱུང་ཚེ། སློབ་གླིང་གི་སྐད་འཕྲིན་སྤྱི་སྟེགས་ཐོག་ལོགས་སུ་བརྡ་ཐོ་གཏོང་རྒྱུ་ཡིན་པས། རྒྱུགས་འབུལ་བ་རྣམས་ཀྱིས་དུས་ཐོག་ཏུ་མཁྱེན་རྟོགས་ཡོད་པ་ཞུ།


བདུན། རྒྱུགས་ཀྱི་ནང་དོན་དང་རྒྱུགས་ལེན་ཐབས།

གཅིགརྒྱུགས་ཀྱི་ནང་དོན།

རྒྱུགས་ཀྱི་ནང་དོན་ནི་ཁྲིམས་སྲོལ་ཤེས་བྱ། རིག་གནས་རྨང་གཞི། ནང་བསྟན་རིག་པ་བཅས་ཡིན།

1.ཁྲོམས་སྲོལ་ཤེས་བྱ་ལ་སྐབས་དོན་ཆབ་སྲིད་དང་རྩ་ཁྲིམས་ཀྱི་སྐོར། རིག་གནས་རྨང་གཞི་ལ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དང་བོད་ཡིག་སུམ་རྟགས་དག་གསུམ་བཅས།

2.ནང་བསྟན་རིག་པར་ཚད་མ་དང་། ཕར་ཕྱིན། དབུ་མ་གསུམ་ཆ་ཚང་དང་། མཛོད་གནས་དང་པོ་ནས་བཞི་པ་བར། འདུལ་བ་གཞི་སྟོད་ཡན་ཆད་བཅས་ཡིན།

གཉིས།རྒྱུགས་ལེན་ཐབས།

1.ཁྲིམས་སྲོལ་ཤེས་བྱའི་འབྲི་རྒྱུགས་ལ་དཔྱད་གཞིའི་ཡིག་ཆ་བལྟ་ཆོག་པ་དང་། རིག་གནས་རྨང་གཞིའི་འབྲི་རྒྱུགས་ལ་དཔྱད་གཞིའི་ཡིག་ཆ་བལྟ་མི་ཆོག

2.ནང་རིག་རྩོད་རྒྱུགས་ལེན་རྒྱུ་སྟེ།

1རྒྱུགས་སྤྲོད་པ་རྣམས་ཚད་མ་དང་། ཕར་ཕྱིན། དབུ་མ་གསུམ་ལ་དམ་བཅའ་ཐེངས་རེ་བཞུགས་དགོས་ལ། དེ་ལ་རིགས་ལུང་བས་རྟགས་གསལ་གཏོང་རྒྱུ་དང་།

2དེ་ནས་དབུ་ཚད་ཕར་གསུམ་ལས་གཞུང་གཅིག་འཐེན་ཏེ་རྒྱུགས་སྤྲོད་པ་ནང་ཕན་ཚུན་རྟགས་གསལ་གཏོང་རྒྱུ།

3མཛོད་འདུལ་གཉིས་རྟགས་གསལ་ཤོག་བྱང་འཐེན་ནས་རྒྱུགས་སྤྲོད་པ་ནང་ཕན་ཚུན་རྟགས་གསལ་གཏོང་རྒྱུ།


བརྒྱད། སློབ་མ་བསྡུ་ཐབས།

མཐོ་རམས་པ་གསོ་སྐྱོང་གི་ཚད་གཞི་དང་མཐུན་ལ་རྒྱུགས་འབྲས་ཕུལ་དུ་བྱུང་བ་རྣམས་བསྡུ་རྒྱུ་དང་། གལ་སྲིད་རྒྱུགས་འབྲས་འདྲ་མཚུངས་གཉིས་ལས་གཅིག་བདམས་དགོས་བྱུང་ན་འབྲིང་རམས་པ་སྔོན་ལ་བསྡུ་རྒྱུ་ཡིན།

དགུ། སློབ་ཁྲིད་ཀྱི་ནང་དོན།

མཐོ་རམས་པ་འཛིན་གྲྭའི་སློབ་ཡུན་ལོ་གསུམ་ཏེ་2025ལོའི་ཟླ་9ནས་2028ལོའི་ཟླ་6བར།

སློབ་ཁྲིད་ཀྱི་ནང་དོན་ལ་ནང་རིག་བརྒྱ་ཆ་60དང་། ཐུན་མོང་སློབ་ཚན་བརྒྱ་ཆ་40བཅས་བཀོད་སྒྲིག་བྱས་ཡོད།

1.ནང་རིག་སློབ་ཁྲིད་ལ་དབུ་མ་སྨད་ཆ་སྟེ་སེམས་བསྐྱེད་དྲུག་པ་ནས་མཇུག་བར་དང་། མཛོད་གནས་དང་པོ། གཉིས་པ། ལྔ་པ། བདུན་པ། འདུལ་བ་ཆ་ཚང་བཅས་གཙོ་བོར་བཟུང་ནས་ཁྲིད་རྒྱུ་དང་། ཚད་མ་དང་ཕར་ཕྱིན་གྱི་དཀའ་གནད་བསྐྱར་སྦྱོང་བྱ་རྒྱུ།

2.ཐུན་མོང་སློབ་ཚན་གྱི་ཁྲིད་བྱའི་ནང་དོན་གཙོ་བོ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་སྤྱི་བཤད།དང་། ཀྲུང་གོའི་ཉེ་རབས་དང་དེང་རབས་ལོ་རྒྱུས།》《རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་རྨང་གཞི།རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སོགས་བཀོད་སྒྲིག་བྱས་ཡོད།

3.ཡུལ་དངོས་ཀྱི་སློབ་ཁྲིད། པེ་ཅིང་གྲོང་ཁྱེར་དང་ཉེ་འཁོར་གྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་དང་། རིག་དངོས་གནའ་ཤུལ། དངོས་མང་བཤམས་སྟོན་ཁང་། དེང་རབས་ཅན་གྱི་ཁེ་ལས་སོགས་ཡུལ་དངོས་སུ་སློབ་ཁྲིད་དུ་འཁྲིད་ཀྱི་ཡོད།

4.ཕྱི་ཕྱོགས་དང་སྤེལ་རེས། སློབ་མ་རྣམས་ཆོས་དོན་དགོངས་འགྲེལ་སོགས་རིག་གཞུང་བགྲོ་གླེང་ཚོགས་འདུ་དང་། མངའ་ཁོངས་ཕྱི་ནང་གི་ཆོས་ལུགས་སློབ་གླིང་དང་རིག་གཞུང་ཚན་པ་དང་སྤེལ་རེས་བྱེད་ཀྱི་ཡོད་ཅིང་། མཐར་མ་ཕྱིན་སྔོན་ལ་མཐར་ཕྱིན་ཡུལ་དངོས་སློབ་སྦྱོང་ལ་འཁྲིད་ཀྱི་ཡོད།

བཅུ། ཡོན་གནས་སྤྲོད་པའི་ཆ་རྐྱེན།

གཅིགམཐོ་རིམ་ཡོན་གནས་འཛིན་གྲྭ་ནས་མཐར་ཕྱིན་རྗེས། མཐོ་རམས་པའི་ཡོན་གནས་རྒྱུགས་འབུལ་ལ་རེ་ཞུ་བྱེད་ཆོག དེ་ཡང་རྒྱུགས་ལེན་ཐོབ་ཐང་ཞིབ་བཤེར་དང་དཔྱད་རྩོམ་བགྲོ་གླེང་། ཡོན་གནས་རྩོད་རྒྱུགས་སོགས་ཀྱི་ཚད་གཞི་ལོན་ཚེ་ད་གཟོད་མཐོ་རམས་པའི་ཡོན་གནས་སྤྲོད་རྒྱུ། མཐོ་རིམ་ཡོན་གནས་འཛིན་གྲྭའི་མཐར་ཕྱིན་དཔང་ཡིག་མ་ཐོབ་ན་ཡོན་གནས་རྒྱུགས་ལ་ཞུགས་མི་ཆོག

གཉིས།མཐར་ཕྱིན་རྗེས་ཀྱི་འགྲོ་ཕྱོགས། སློབ་མ་རྣམས་མཐར་ཕྱིན་རྗེས་རང་དགོན་དུ་ལོག་དགོས། དེ་ཡང་བྱང་ཚད་མཐོ་ཞིང་ཀུན་སྤྱོད་བཟང་བ་རྣམས་སློབ་གླིང་གིས་འབྲེལ་ཡོད་ཚན་པར་མཚམས་སྦྱོར་བྱ་རྒྱུ།


བཅུ་གཅིག འབྲེལ་ཡོད་གསལ་བཤད།

1.སློབ་བསྡུའི་རྒྱུགས་ལ་ཞུགས་མཁན་དགེ་འདུན་པ་རྣམས་ཀྱི་ལམ་གླ་དང་། ཟས་མལ་སོགས་ཀྱི་འགྲོ་སོང་རང་ཉིད་ནས་གཏོང་དགོས།

2.རྒྱུགས་འཕྲོད་པ་རྣམས་སློབ་བསྡུའི་བརྡ་ཐོ་དང་འབྲེལ་ཡོད་དཔང་ཡིག་ཁྱེར་ནས་གཏན་འཁེལ་གྱི་དུས་ཚོད་ལྟར་སློབ་གླིང་དུ་འབྱོར་ཐོ་འགོད་དགོས།

3.སློབ་གླིང་དུ་སློབ་གཉེར་བྱེད་སྐབས་ཀྱི་སློབ་ཡོན་དང་ཟས་མལ་གྱི་རིན་པ་མི་བསྡུ་ལ་མི་གཉིས་རེར་ཉལ་ཁང་གཅིག་རེ་བཀོད་སྒྲིག་བྱ་རྒྱུ་དང་། འབྲེལ་ཡོད་གཏན་འབེབས་ལྟར་ལོ་རེའི་དབྱར་གནང་དང་དགུན་གནང་སྐབས་སུ་དགོན་པ་ནས་སློབ་གླིང་བར་འགྲོ་འོང་གི་ལམ་གླའི་ཁ་གསབ་རོགས་དངུལ་ཐེངས་རེ་སྤྲོད་རྒྱུ།

4.སློབ་མ་རྣམས་སློབ་གླིང་དུ་ཞུགས་རྗེས་སྒྲིག་ལམ་དང་འབྲེལ་ཡོད་གཏན་འབེབས་ཁག་ལ་བརྩི་སྲུང་ནན་ཏན་ཞུ་དགོས། སློབ་གཉེར་བྱེད་རིང་དགོན་པ་དང་སྤྱི་ཚོགས་སོགས་ཀྱི་བྱ་བར་ཞུགས་མི་ཆོག

5.སློབ་གླིང་གིས་སྦྱངས་འབྲས་ལེགས་པའི་སློབ་མར་འབྲེལ་ཡོད་གཏན་འབེབས་ལྟར་བྱ་དགའི་དངུལ་སྤྲོད་རྒྱུ་ཡིན།


བཅུ་གཉིས། འབྲེལ་གཏུག་བྱེད་ཐབས།

1.བོད་ལྗོངས་དང་སི་ཁྲོན་སེར་ཤུལ་རྫོང་གི་རྒྱུགས་རའི་འབྲེལ་གཏུག་པ།

 ཕུར་བུ་དོན་གྲུབ། 13691223033

2.ཀན་སུའུ་དང་སི་ཁྲོན་རྔ་བ་རྫོང་གི་རྒྱུགས་རའི་འབྲེལ་གཏུག་པ། 

 སངས་རྒྱས་བཀྲ་ཤིས། 18010230586

3.ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་སློབ་བསྡུ་གཞུང་ལས་ཁང་།

 སངས་རྒྱས་སྐྱབས། 0105833461718910877508

4.ཐེར་འདོན་ཁ་པར། 010-58334638

 ལས་ཀའི་ཉིན་མོའི་སྔ་དྲོ་ 9:0012:00ཕྱི་དྲོ་2:005:00

 ས་གནས། པེ་ཅིན་གྲོང་ཁྱེར་ཁྲའོ་དབྱང་ཁུལ་དགོན་སེར་ལམ་ཆེན་སྒོ་རྟགས་ཨང་11

 བརྙན་སྐྱེལ།  010-58350922

 དྲ་ཚིགས། http://zyxgjfxy.cn