སློབ་གླིང་ངོ་སྤྲོད།
ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་ནི་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་ཆེན་མོ་མཆོག་དང་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་ཀྲའོ་པུའུ་ཁྲུའུ་རྣམ་གཉིས་ཀྱི་འབོད་སྐུལ་འོག ༡༩༨༧ལོའི་ཟླ་༩ཚེས་༡ཉིན་པེ་ཅིན་དགོན་སེར་ནུབ་མར་བཙུགས། སློབ་གླིང་འདི་ནི་བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་སྤུས་ཚད་མཐོ་བའི་དགེ་འདུན་པ་གསོ་སྐྱོང་བྱེད་སའི་སློབ་གླིང་རིམ་པ་མཐོ་ཤོས་དང་། བོད་བརྒྱུད་ནང་བསྟན་གྱི་ཡོན་གནས་ལམ་ལུགས་གསར་པ་ལག་བསྟར་བྱེད་མཁན་དང་མཐོ་རམས་པའི་ཡོན་གནས་སྤྲོད་མཁན་གྱི་སྡེ་ཚན་ཉག་གཅིག་ཡིན། སློབ་གླིང་གིས་༢༠༡༤ལོ་ནས་མཐོ་རམས་སློབ་མའི་བསྡུ་ཚད་ཇེ་མང་ལ་བཏང་ཞིང་། སློབ་ཡུན་ལོ་༣ཡིན། འཁྲིད་བྱའི་ནང་དོན་གཙོ་བོར་ནང་རིག་དང་། ཐུན་མོང་གི་སློབ་ཚན། དེ་བཞིན་རྒྱ་ཡིག་སོགས་རིག་གནས་ཀྱི་སྐོར་ཡོད། ནང་རིག་དགེ་རྒན་རྣམས་ནི་ནང་རིག་གི་སྐུ་ཡོན་ཆེ་ལ་འཆད་རྩོད་རྩོམ་གསུམ་གྱི་གྲུབ་འབྲས་དང་ཉམས་མྱོང་ཕུན་སུམ་ཚོགས་ཤིང་སྙན་གྲགས་ལྡན་པ་ཤ་སྟག་ཡིན་པ་དང་། ཐུན་མོང་སློབ་ཚན་དང་རིག་གནས་སློབ་ཚན་ཁྲིད་མཁན་དགེ་རྒན་དག་ཀྱང་སློབ་གྲྭ་ཆེ་ཁག་དང་ཞིབ་འཇུག་ཚན་པའི་དགེ་རྒན་ཤ་སྟག་ཡིན།
བོད་བརྒྱུད་ནང་བསྟན་གྱི་ཡོན་གནས་ལམ་ལུགས་ནི་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཁག་གི་ཡོན་གནས་ལམ་ལུགས་རྒྱུན་འཛིན་དང་དཔྱད་གཞིར་བཟུང་ཐོག དེང་རབས་ཀྱི་སློབ་གསོ་གཉེར་ཐབས་ལ་བརྟེན་ནས་བཙུགས་པའི་བོད་བརྒྱུད་ནང་བསྟན་གྲུབ་མཐའ་ཀུན་ལ་འཚམ་པའི་ཡོན་གནས་ལམ་ལུགས་གསར་བ་ཞིག་ཡིན། བསྡུ་བྱའི་སློབ་མ་རྣམས་ནི་གཞུང་བཀའ་པོད་ལྔར་སྦྱངས་པ་རགས་ཙམ་ཟིན་པ་ཤ་སྟག་ཡིན་དགོས།
སློབ་བསྡུའི་འཆར་གཞི་དང་མི་གྲངས།
རྒྱལ་ཁབ་ཆོས་དོན་ཅུའུ་ཡིས་གཏན་ལ་ཕབ་པའི་《བོད་བརྒྱུད་ནང་བསྟན་གྱི་ཡོན་གནས་སྤྲོད་ཐབས།(ཚོད་ལྟར་སྤྱོད་རྒྱུ)》གཞིར་བཟུང་སྟེ། ༢༠༡༧ལོར་ངེད་སློབ་གླིང་གིས་སྐབས་བཅུ་དྲུག་པའི་མཐོ་རམས་པའི་འཛིན་གྲྭར་ཁྱོན་སློབ་མ་༣༩བསྡུ་རྒྱུ། དེར་དགེ་ལུགས་པའི་སློབ་མ་༡༣དང་། རྙིང་མའི་སློབ་མ་༡༣། བོན་པོའི་སློབ་མ་༡༣བཅས་བསྡུ་རྒྱུ་ཡིན་ལ། སློབ་ཡུན་ལོ་༣ཡིན། ཁྱོན་བོད་རང་སྐྱོང་ལྗོངས་ནས་སློབ་མ་༡༡དང་། སི་ཁྲོན་ནས་སློབ་མ་༡༤དང་། མཚོ་སྔོན་ནས་སློབ་མ་༡༡དང་། ཀན་སུའུ་ནས་སློབ་མ་༢དང་། ཡུན་ནན་ནས་སློབ་མ་༡བཅས་བསྡུ་རྒྱུ་ཡིན།
༡﹒དགེ་ལུགས་པའི་འཛིན་གྲྭར་བོད་རང་སྐྱོང་ལྗོངས་ནས་སློབ་མ་༤དང་། སི་ཁྲོན་ནས་སློབ་མ་༣དང་། མཚོ་སྔོན་ནས་སློབ་མ་༤དང་། ཀན་སུའུ་ནས་སློབ་མ་༡དང་། ཡུན་ནན་ནས་སློབ་མ་༡བཅས་བསྡུ་རྒྱུ་ཡིན།
༢﹒ རྙིང་མའི་འཛིན་གྲྭར་བོད་རང་སྐྱོང་ལྗོངས་ནས་སློབ་མ་༣དང་། སི་ཁྲོན་ནས་སློབ་མ་༦དང་། མཚོ་སྔོན་ནས་སློབ་མ་༤བཅས་བསྡུ་རྒྱུ་ཡིན།
༣﹒བོན་པོའི་འཛིན་གྲྭར་བོད་རང་སྐྱོང་ལྗོངས་ནས་སློབ་མ་༤དང་། སི་ཁྲོན་ནས་སློབ་མ་༥དང་། མཚོ་སྔོན་ནས་སློབ་མ་༣དང་། ཀན་སུའུ་ནས་སློབ་མ་༡བཅས་བསྡུ་རྒྱུ་ཡིན།
ཞིང་ཆེན་ཁག་ནས་བསྡུ་རྒྱུའི་སློབ་མའི་གྲངས་ཀ་རྒྱུགས་འབྲས་དངོས་ལ་གཞིགས་ནས་འགྱུར་བ་འོས་འཚམ་གཏང་རྒྱུ། ཞིང་ལྗོངས་ལྔ་ལས་གཞན་པའི་ས་ཆའི་རྒྱུགས་སྤྲོད་པས། འབྲེལ་ཡོད་ལས་རིམ་ལྟར་མིང་ཐོ་བཀོད་རྗེས། ཐག་གང་ཉེའི་རྒྱུགས་རར་ཕེབས་ཏེ་རྒྱུགས་ལ་ཞུགས་ཆོག ངེད་སློབ་གླིང་གིས་རྒྱུགས་འབྲས་གཞིར་བཟུང་ནས་བསྡུ་ལེན་བྱ་རྒྱུ་ཡིན།
ཆོས་བརྒྱུད། ས་ཁུལ | དགེ་ལུགས་པ། | རྙིང་མ། | བོན་པོ། | སྡོམ་གྲངས། |
བོད་རང་སྐྱོང་ལྗོངས། | ༤ | ༣ | ༤ | ༡༡ |
སི་ཁྲོན། | ༣ | ༦ | ༥ | ༡༤ |
མཚོ་སྔོན། | ༤ | ༤ | ༣ | ༡༡ |
ཀན་སུའུ། | ༡ |
| ༡ | ༢ |
ཡུན་ནན། | ༡ |
|
| ༡ |
སྡོམ་གྲངས། | ཁྱོན་མི༡༣ | ཁྱོན་མི༡༣ | ཁྱོན་མི༡༣ | ཁྱོན་མི༣༩ |
རྒྱུགས་སྤྲོད་ཆ་རྐྱེན།
ཆབ་སྲིད་ཐད་ཀྲུང་གོའི་གུང་ཁྲན་ཏང་གི་དབུ་ཁྲིད་ལ་བརྩི་བཀུར་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་དགའ་ཞེན། མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོབ། སྒྲིག་ཁྲིམས་ལ་བརྩི་སྲུང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་མཁན་ཞིག་དགོས་པ་དང་། ཆོས་ལུགས་ཀྱི་དད་པ་བརྟན་པ། ཚུལ་ཁྲིམས་གཙང་ཞིང་། ནང་རིག་གི་རྨང་གཞི་བཟང་པོ་དགོས་པ་མ་ཟད། རྩོམ་འབྲིའི་རྨང་གཞི་ངེས་ཅན་ལྡན་པའི་ཐོག ལུས་པོ་བདེ་ཐང་དང་། བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་པ་ཡིན་དགོས། རྒྱུགས་སྤྲོད་མཁན་དགུང་ལོ་༣༠ཡན་ཡིན་དགོས།
མིང་ཐོ་འགོད་ཐབས།
དང་པོ་ནི་མི་སྒེར་རང་ཉིད་ནས་རང་འདོད་ལྟར་མིང་ཐོ་འགོད་པ་དང་། གཉིས་པ་ནི་ས་གནས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་འོས་སྦྱོར་བྱས་ཏེ་མིང་ཐོ་བཀོད་ཆོག སློབ་མ་བསྡུ་བའི་ཁ་གྲངས་དང་བསྟུན་ནས། ཞིང་ལྗོངས་ལྔའི་འབྲེལ་ཡོད་སྡེ་ཁག་གིས་དངོས་སུ་བསྡུ་རྒྱུའི་སློབ་མའི་གྲངས་ཚད་ཀྱི་ལྡབ་༣ལས་མི་ཉུང་བ་འོས་སྦྱོར་བྱས་པའི་རྗེས། གཞི་ནས་མཐོ་རིམ་ནང་བསྟན་སློབ་གླིང་གིས་རྩ་འཛུགས་བྱས་པའི་སློབ་བསྡུའི་རྒྱུགས་ལ་ཞུགས་དགོས།
དུས་ཚོད་དང་བླང་བྱ།
ཞིང་ལྗོངས་ལྔའི་འབྲེལ་ཡོད་སྡེ་ཁག་གིས་ཟླ་༥པའི་ཚེས་༡གི་གོང་དུ། རང་ཁོངས་ཀྱི་རྒྱུགས་འབུལ་བའི་མིང་ཐོ་མཐོ་རིམ་ནང་བསྟན་སློབ་གླིང་ལ་སྤྲོད་དགོས་པ་མ་ཟད། ཐག་གང་ཉེའི་རྒྱུགས་ར་བདམས་ནས་དུས་ཐོག་ལ་ཁོང་རྣམས་རྒྱུགས་ལ་ཞུགས་སུ་འཇུག་དགོས། རྒྱུགས་ལ་ཞུགས་མཁན་རྣམས་ཀྱིས་རང་ཉིད་གནས་སའི་རྫོང་རིམ་པ་ཡན་(རྫོང་རིམ་པ་ཚུད་ཡོད)་)(གྱི་འཐབ་ཕྱོགས་གཅིག་གྱུར་པུའུའམ་ཡང་ན་ཆོས་ལུགས་སྡེ་ཁག་ནས་ཆོག་མཆན་བྱུང་བའི་ཡིག་ཆ་དང་། རང་དགོན་གྱི་འོས་སྦྱོར་ཡི་གེ ཐོབ་ཐང་ལག་ཁྱེར། ཆོས་ལུགས་མི་སྣའི་ལག་ཁྱེར།(སྤྲུལ་སྐུའི་ལག་ཁྱེར།))སྐུ་པར་ཚོན་གཅིག་ཅན་གསུམ་བཅས་བསྣམས་ཏེ་ཕེབས་དགོས།
རྒྱུགས་ལེན་ཁྱབ་ཁོངས་དང་ལེན་ཐབས།
རྒྱུགས་ཀྱི་ནང་དོན་ལ་ནང་རིག་དང་། ཆབ་སྲིད། རིག་གནས་བཅས་ཁག་གསུམ་འདུས་ཡོད།
༡﹒རྒྱུགས་ལེན་ཁྱབ་ཁོངས། ནང་རིག་གི་རྒྱུགས་ལེན་ཁྱབ་ཁོངས་ནི་《ཚད་མ་》དང་《ཕར་ཕྱིན་》《དབུ་མ་》བཅས་ཆ་ཚང་དང་།《མཛོད་》ཀྱི་གནས་དང་པོ་ནས་གནས་བཞི་བ་རྫོགས་ཀྱི་བར་ལེན་རྒྱུ། «འདུལ་བ»གཞི་སྟོད་ཡན་ཆད་རྒྱུགས་ལེན་རྒྱུ། ཆབ་སྲིད་ལ་གཙོ་བོར་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་》ཀྱི་ནང་དོན་ལེན་རྒྱུ། རིག་གནས་ཀྱི་སྐོར་ལ་སུམ་རྟགས་དང་རྩོམ་ཡིག་ལེན་རྒྱུ་ཡིན།
༢﹒རྒྱུགས་ལེན་ཐབས། ནང་རིག་གི་རྒྱུགས་ནི་འཆད་རྩོད་གཉིས་ལས་རྩོད་རྒྱུགས་གཙོ་བོར་ལེན་རྒྱུ། དབུ་ཚད་ཕར་གསུམ་ཕྱོགས་ཀྱི་རིགས་ལུང་བས་རྟགས་གསལ་རེ་རེ་གཏོང་རྒྱུ་དང་། རྒྱུགས་སྤྲོད་པ་ནང་ཕན་ཚུན་དུ་ཁ་བྱང་འཐེན་ཏེ་དབུ་ཚད་ཕར་གསུམ་ལས་གང་བབས་གཅིག་གཏོང་རྒྱུ། མཛོད་འདུལ་གཉིས་རྒྱུགས་སྤྲོད་པས་སློབ་གླིང་གིས་བསྒྲིགས་པའི་རྟགས་གསལ་ཁ་བྱང་ལྔ་རེ་ལས་རེ་རེ་འཐེན་ནས་ནང་ཕན་ཚུན་ལ་གཏོང་རྒྱུ། ཆབ་སྲིད་ཀྱི་རྒྱུགས་སྤྲོད་སྐབས་དཔྱད་གཞིའི་ཡིག་ཆར་བལྟས་ཆོག་པ་དང་། རིག་གནས་ཀྱི་རྒྱུགས་སྤྲོད་སྐབས་དཔྱད་གཞིའི་ཡིག་ཆར་བལྟས་མི་ཆོག
སློབ་མ་བསྡུ་ཐབས།
མཐོ་རིམ་ནང་བསྟན་སློབ་གླིང་གིས་རྒྱུགས་འབུལ་བའི་རྒྱུགས་འབྲས་ལ་ཕྱོགས་ཡོངས་ནས་བརྟག་སྟེ། ཕུལ་བྱུང་གི་རིགས་བདམས་ནས་བསྡུ་ལེན་བྱ་རྒྱུ་ཡིན།
རྒྱུགས་ར་བཀོད་སྒྲིག་དང་རྒྱུགས་ལེན་པའི་དུས་ཚོད།
༡﹒སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ནགས་གཙང་དགོན་པར་རྒྱུགས་ར་དང་པོ་བཀོད་སྒྲིག་བྱ་རྒྱུ་ཡིན། དེ་གའི་རྒྱུགས་ལ་ཞུགས་མཁན་ནི་དགེ་ལུགས་པ་དང་རྙིང་མའི་དགེ་འདུན་པ་ཡིན་དགོས། འབྱོར་ཐོ་འགོད་པའི་དུས་ཚོད་ནི་༢༠༡༧ལོའི་ཟླ་༦ཚེས་༩ནས་ཚེས་༡༠བར་ཡིན་པ་དང་། རྒྱུགས་ལེན་པའི་དུས་ཚོད་ནི་ཟླ་༦ཚེས་༡༡ནས་ཚེས་༡༤བར་ཡིན།
༢﹒མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ནང་བསྟན་སློབ་གྲྭར་རྒྱུགས་ར་གཉིས་པ་བཀོད་སྒྲིག་བྱ་རྒྱུ་ཡིན། དེ་གའི་རྒྱུགས་ལ་ཞུགས་མཁན་ནི་དགེ་ལུགས་པ་དང་རྙིང་མའི་དགེ་འདུན་པ་ཡིན་དགོས། འབྱོར་ཐོ་འགོད་པའི་དུས་ཚོད་ནི་༢༠༡༧ལོའི་ཟླ་༥ཚེས་༣༠ནས་ཚེས་༣༡བར་ཡིན་པ་དང་། རྒྱུགས་ལེན་པའི་དུས་ཚོད་ནི་ཟླ་༦ཚེས་༡ནས་ཚེས་༤བར་ཡིན།
༣﹒ཀན་སུའུ་ཞིང་ཆེན་བླ་བྲང་དགོན་པར་རྒྱུགས་ར་གསུམ་པ་བཀོད་སྒྲིག་བྱ་རྒྱུ་ཡིན། དེ་གའི་རྒྱུགས་ལ་ཞུགས་མཁན་ནི་དགེ་ལུགས་པ་དང་། བོན་པོའི་དགེ་འདུན་པ་ཡིན་དགོས། འབྱོར་ཐོ་འགོད་པའི་དུས་ཚོད་ནི་༢༠༡༧ལོའི་ཟླ་༥ཚེས་༣༠ནས་ཚེས་༣༡བར་ཡིན་པ་དང་། རྒྱུགས་ལེན་པའི་དུས་ཚོད་ནི་ཟླ་༦ཚེས་༡ནས་ཚེས༤བར་ཡིན།
༤﹒བོད་རང་སྐྱོང་ལྗོངས་ནང་བསྟན་མཐུན་ཚོགས་སུ་རྒྱུགས་ར་བཞི་བ་བཀོད་སྒྲིག་བྱ་རྒྱུ་ཡིན། དེ་གའི་རྒྱུགས་ལ་ཞུགས་མཁན་ནི་དགེ་ལུགས་པ་དང་རྙིང་མ་བ། བོན་པོའི་དགེ་འདུན་པ་ཡིན་དགོས། འབྱོར་ཐོ་འགོད་པའི་དུས་ཚོད་ནི་༢༠༡༧ལོའི་ཟླ་༦ཚེས་༩ནས་ཚེས་༡༠བར་ཡིན་པ་དང་། རྒྱུགས་ལེན་པའི་དུས་ཚོད་ནི་ཟླ་༦ཚེས་༡༡ནས་ཚེས་༡༤བར་ཡིན།
འབྲེལ་ཡོད་གསལ་བཤད།
༡﹒སློབ་བསྡུའི་རྒྱུགས་ལ་ཞུགས་མཁན་སློབ་མ་རྣམས་རྒྱུགས་ལ་ཞུགས་སྐབས་ཀྱི་ལམ་གླ་དང་། མགྲོན་ཁང་གི་གླ་ཆ། དེ་བཞིན་ཞལ་ལག་གི་འགྲོ་སོང་སོགས་སློབ་མ་རང་ཉིད་ནས་གཏོང་དགོས།
༢﹒རྒྱུགས་འཕྲོད་དེ་སློབ་གྲྭར་བསྡུས་རྗེས། སློབ་གྲྭར་བཞུགས་སྐབས་ཀྱི་ཁང་པ་དང་ཞལ་ལག་གི་འགྲོ་སོང་ཚང་མ་སློབ་གླིང་ནས་མཁོ་འདོན་བྱ་རྒྱུ། ལོ་རེར་དབྱར་གནང་ཐེངས་གཅིག་གཏོང་བ་ལས་དགུན་གནང་མེད། འབྲེལ་ཡོད་གཏན་འབེབས་ལྟར་ལོ་རེའི་དབྱར་གནང་སྐབས་ཀྱི་ལམ་གླ་སློབ་གླིང་ནས་རྩིས་ཞུ་བྱ་རྒྱུ།
འཁྲིད་བྱའི་ནང་དོན།
༡﹒སློབ་ཡུན་ལོ་གསུམ་ཡིན། མཐོ་རིམ་ནང་བསྟན་སློབ་གླིང་དུ་ཉུང་མཐར་ཡང་ཟླ་༡༦གི་རིང་ལ་སློབ་གཉེར་བྱ་དགོས་ཤིང་། དེའི་རིང་ནང་རིག་སློབ་ཚན་གྱི་འཁྲིད་བྱའི་ནང་དོན་གཙོ་བོར《དབུ་མ་》ཡི་སྨད་ཆ་སྟེ་སེམས་བསྐྱེད་དྲུག་པ་ནས་མཇུག་བར་དང་། 《མཛོད་》ཀྱི་གནས་དང་པོ། གཉིས་པ། ལྔ་བ། བདུན་པ་བཅས་གཙོ་བོར་བཟུང་ནས་ཁྲིད་རྒྱུ། 《འདུལ་བ་》ཆ་ཚང་བཅས་ཡིན། ཚད་མ་དང་ཕར་ཕྱིན་བསྐྱར་སྦྱོང་བྱ་རྒྱུ།
༢﹒ཐུན་མོང་གི་སློབ་ཚན་གྱི་འཁྲིད་བྱའི་ནང་དོན་གཙོ་བོ་ནི་ཏང་དང་རྒྱལ་ཁབ་ཀྱི་བྱེད་ཕྱོགས་སྲིད་ཇུས་དང་། རིག་པའི་གཞུང་ལུགས། ཁྲིམས་ལུགས་ཁྲིམས་སྲོལ། ལོ་རྒྱུས། རྒྱལ་སྤྱིའི་ཤེས་བྱ་ལ་སོགས་ཡིན། རིག་གནས་སློབ་ཚན་གྱི་འཁྲིད་བྱའི་ནང་དོན་གཙོ་བོ་ནི་རྒྱ་ཡིག་རྒྱ་སྐད་དང་། གློག་ཀླད། དཔྱད་རྩོམ་འབྲི་ཚུལ། བོད་ཡིག་གི་བརྡ་སྤྲོད་བཅས་ཡིན།
༣﹒འབྲེལ་ཡོད་གཏན་འབེབས་ལྟར། སློབ་གླིང་གིས་སྦྱངས་འབྲས་ལེགས་པའི་སློབ་མར་ལོ་རེར་ཉུང་མཐར་སྒོར་ཉིས་སྟོང་གི་བྱ་དགའི་དངུལ་སྤྲོད་རྒྱུ་ཡིན།
ཡོན་གནས་སྤྲོད་ཐབས་སྐོར་གྱི་གསལ་བཤད།
མཐོ་རམས་པའི་ཡོན་གནས་སྤྲོད་པའི་ཆ་རྐྱེན་ནི། སློབ་སྦྱོང་སྦྱངས་འབྲས་དང་ཕྱོགས་བསྡུས་སྦྱངས་འབྲས་ཚད་ལོངས་པའི་ཁར། རྒྱུགས་ལེན་ཐོབ་ཐང་ཞིབ་བཤེར་དང་དཔྱད་རྩོམ་བགྲོ་གླེང་། ཡོན་གནས་རྩོད་རྒྱུགས་སོགས་ལོན་པའི་མཐོ་རམས་འཛིན་གྲྭའི་སློབ་ཐོན་སློབ་མ་ཡིན་ན། ད་གཟོད་མཐོ་རམས་པའི་ཡོན་གནས་སྤྲོད་རྒྱུ།
མཐར་ཕྱིན་སློབ་མའི་ཡོན་གནས་ཕྱིར་འགྱངས་ཞེས་པ་ནི། སློབ་སྦྱོང་གི་སྦྱངས་འབྲས་དང་ཕྱོགས་བསྡུས་སྦྱངས་འབྲས་ཚད་མ་ལོངས་པའམ། ཡང་ན་ཐ་མ་ཡིན་ཚེ། ཡོན་གནས་རྩོད་རྒྱུགས་སུ་ཞུགས་མི་ཆོག ཡོན་གནས་ཕྱིར་འགྱངས་པའི་སློབ་མས་སྐབས་རྗེས་མའི་གྲུབ་མཐའ་གཅིག་པའི་ཡོན་གནས་རྩོད་རྒྱུགས་ལ་ཞུགས་ཏེ་མཐོ་རམས་པའི་ཡོན་གནས་ཞུས་ཆོག
མཚོ་སྔོན་ཡུལ་ཤུལ་དང་སི་ཁྲོན་དཀར་མཛེས་ཀྱི་རྒྱུགས་རའི་འབྲེལ་གཏུག་པ།
བྱམས་པ་འཕྲིན་ལས།15210801158 སྨན་བླ་ཚེ་རིང་།18910877398
ཀན་སུའུ་བླ་བྲང་དང་བོད་ལྗོངས་ལྷ་སའི་རྒྱུགས་རའི་འབྲེལ་གཏུག་པ།
དཔལ་རྡོར་སྐྱབས། 13811410556 འཇིགས་མེད་གྲགས་པ།18910877509
པེ་ཅིན་གྱི་འབྲེལ་གཏུག་པ། དཀོན་མཆོག 18910877506
སློབ་གླིང་གི་འབྲེལ་གཏུག་ཁ་པར། (010-58334617དང58334670
བརྙན་སྐྱེལ།( 010-58350922
དྲ་གནས། http://gjfxy.tibet.cn
འབྲེལ་གཏུག་བྱ་ཡུལ། པེ་ཅིན་གྲོང་ཁྱེར་ཁྲའོ་དབྱང་ཁུལ་དགོན་སེར་ལམ་ཆེན་སྒོ་རྟགས་11པ།
སྦྲགས་ཨང་། 100120
通讯地址:北京市朝阳区黄寺大街11号 邮编:100120
མཐོ་རིམ་ནང་བསྟན་སློབ་གླིང་གི་སློབ་བསྡུའི་གཞུང་ལས་ཁང་གིས།
༢༠༡༦ལོའི་ཟླ༡༡ཚེས་༢༨ཉིན།