苍生守护人:记抗“疫”中的钟南山

发布时间: 2020-04-07 16:06:00 来源: 学生处 宋筱清

མི་དམངས་ཀྱི་སྐྱབས་མགོན། ནད་ཡམས་འགོག་བཅོས་ཁྲོད་ཀྱི་

ཀྲུང་ནན་ཧྲན་གྱི་མཛད་རྗེས་སྐོར།

作者 熊育群 

广东省作家协会副主席、秘书长、广东文学院院长

རྩོམ་པ་པོ། ཞུང་ཡུས་ཆུན།

ཀོང་ཏུང་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་དྲུང་ཡིག་ཆེན་མོ། ཀོང་ཏུང་རིག་གཞུང་སློབ་གླིང་གི་འགོ་འཛིན།

 

一、疫情再度告急

གཅིག ནད་ཡམས་གནས་ཚུལ་སླར་ཡང་ཛ་དྲག་ཏུ་གྱུར།

2020118日晚上,钟南山赶到广州高铁站,去武汉的高铁票早已卖光,事情紧急,他想办法上了G1102次车,在餐车找了一个座位。他走得非常匆忙,羽绒服都没有带,只穿了一件咖啡色格子的西装。作为国家卫健委高级别专家组组长的他知道此行意味着什么,尽管疲惫,他还是马上打开电脑,研究起来。

2020ལོའི་ཟླ་1ཚེས་18ཉིན་གྱི་དགོང་མོ་ཀྲུང་ནན་ཧྲན་ཀོང་ཀྲོའུ་མྱུར་བགྲོད་ལྕགས་ལམ་བབས་ཚུགས་སུ་འབྱོར་དུས། ཝུའུ་ཧན་དུ་སྐྱོད་པའི་མྱུར་བགྲོད་ལྕགས་ལམ་གྱི་སྤ་སེ་སྔ་ས་ནས་བཙོངས་ཚར་ཞིང་། གནས་ཚུལ་ཛ་དྲག་ཡིན་ཕྱིར་ཁོང་གིས་ཐབས་ཤེས་གང་ཡོད་ཀྱིས་མེ་འཁོར་G1102ལ་ཞུགས་ཏེ་འཁོར་སྒྲོམ་ཟ་ཁང་ནང་སྡོད་ས་ཞིག་བཙལ། ཁོང་ཐོན་དུས་བྲེལ་འཚུབ་ཀྱི་རྐྱེན་པས་ནུབ་ལྭ་ཁམ་མདོག་ཅན་ཞིག་གྱོན་པ་ལས་བྱ་སྤུའི་སྟོད་ཐུང་འཁྱེར་ལོང་བྱུང་མེད། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་མཐོ་རིམ་ཆེད་མཁས་ཚོ་ཆུང་གི་འགོ་འཛིན་ཡིན་པའི་ངོས་ནས་ཁོང་གིས་ད་ཐེངས་ཀྱི་གནས་ཚུལ་ཛ་དྲག་ཇི་ཡོད་གསལ་པོ་ཤེས་ཀྱི་ཡོད། ངལ་དུབ་ཀྱིས་མནར་རུང་ཁོང་གིས་འཕྲལ་མར་གློག་ཀླད་ཁ་ཕྱེ་ནས་ཞིབ་འཇུག་བྱེད་འགོ་ཚུགས།

这一天,武汉确诊患者增加到了59例。不明原因肺炎的信息随着鼠年春节的来临正在传播,给这个漫长的暖冬带来一丝隐忧与不安。越来越浓的新年喜庆氛围让很多人对此消息不以为意,南来北往的人流都正在向家的方向聚集。人们奔波忙碌了一年,都在筹划着怎样过大年。谁也想不到一个潘多拉魔盒正在打开……庚子鼠年注定因此以不一样的面貌进入中国历史。

ཉིན་དེར་ཝུའུ་ཧན་དུ་ནད་གཞི་གཏན་འཁེལ་བྱུང་བའི་ནད་པ་59བར་མང་དུ་ཕྱིན་ཡོད། ནད་རྐྱེན་མི་གསལ་བའི་གློ་ཚད་ཀྱི་ཆ་འཕྲིན་དེ་ལྕགས་བྱི་ལོའི་དཔྱིད་གསར་དུས་ཆེན་འཆར་ཉེར་ཡོད་པ་དང་བསྟུན་ནས་རྒྱ་ཆེར་ཁྱབ་པས་གྲང་ངར་ཆེ་བའི་དགུན་དུས་དེར་མི་རྣམས་ལ་བློ་མི་བདེ་བའི་ཚོར་སྣང་ཞིག་སྦྱིན་ཡོད། ལོ་གསར་གཏོང་བའི་དགའ་ཚོར་གྱིས་མི་མང་པོ་ཞིག་གིས་ཆ་འཕྲིན་དེར་སྣང་བ་མི་བཏང་བར་ཕྱོགས་བཞི་མཚམས་བརྒྱད་ནས་ཕ་ཡུལ་དུ་ལོག་བཞིན་ཡོད། ལོ་གཅིག་རིང་བྲེལ་བའི་མི་རྣམས་ཀྱིས་ལོ་གསར་ཇི་ལྟར་རོལ་བར་འཆར་འགོད་བྱེད་བཞིན་པའི་སྐབས་སུ། ནད་དུག་གི་སྒམ་ཆུང་ཁ་འབྱེད་བཞིན་ཡོད་པ་སུས་ཀྱང་བསམ་ཡུལ་ལས་འདས།  དེའི་རྐྱེན་ལས་ལྕགས་བྱི་ལོ་འདི་ཀྲུང་གོའི་ལོ་རྒྱུས་ཐོག་རྒྱུན་གཏན་མིན་པའི་ལོ་ཞིག་ཡིན་པར་ངེས།

钟南山不时看一看手表,实在困了,就在低矮的靠背上,仰头睡一下。这张打盹的照片后来迅速在网上传开。照片里可以看到车厢里人不多,乘客大多都在低头看手机,他几乎是唯一的老年人。四个多小时后,他在深夜抵达了武汉。

ཀྲུང་ནན་ཧྲན་གྱིས་ཆུ་ཚོད་ལ་ཡང་ཡང་བལྟ་བ་དང་། ངལ་དུབ་རྐྱེན་པས་རྐུབ་སྟེགས་ཐོག་གཉིད་ཤོར། གཉིད་ལ་ཡུར་བའི་འདྲ་པར་འདི་འཕྲལ་མར་དྲ་ཐོག་ཏུ་རྒྱ་ཆེར་ཁྱབ། འདྲ་པར་ལ་བལྟས་ཚེ་འཁོར་སྒྲོམ་ནང་མི་མང་པོ་མེད་པ་དང་། འགྲུལ་པ་མང་ཆེ་བས་མགོ་བོ་སྒུར་ནས་ཁ་པར་བལྟ་བཞིན་ཡོད་ཅིང་། ཁོང་ནི་རྒན་རྒོན་འབའ་ཞིག་དེ་ཡིན་པ་མཐོང་ཐུབ། མཐར་ཆུ་ཚོད་བཞི་ལྷག་ཙམ་སོང་རྗེས་ཁོང་མཚན་གུང་ལ་ཝུའུ་ཧན་དུ་འབྱོར།

在会议中心住下来后,钟南山的神经仍是紧绷的,当年“非典”过后他就判断“非典”并没根绝,还有重新出现的可能。武汉出现的病例让他高度警惕。

ཚོགས་འདུའི་ལྟེ་གནས་སུ་སླེབས་རྗེས་ཀྲུང་ནན་ཧྲན་སྔར་བཞིན་དངངས་འཚབ་ཆེན་པོ་ཡོད། དེ་སྔའི་དམིགས་བསལ་གློ་ཚད་ཀྱི་རྗེས་སུ་ཁོང་གིས་ནད་གཞི་དེ་རྩ་མེད་དུ་སོང་མེད་པར། ད་དུང་བསྐྱར་དུ་ཐོན་སྲིད་པར་སེམས་ཁྲལ་ཡོད། དེས་ན་ཝུའུ་ཧན་དུ་བྱུང་བའི་ནད་དཔེ་དེར་སྣང་ཆུང་རྩ་བ་ནས་བྱ་མི་རུང་བའི་བསམ་ཚོད་བྱུང་།

一路奔波,犹如在梦境中穿行,不只是空间在跨越,时间似乎也在这个时刻恍惚了。十七年前那场令国人记忆深刻的“非典”,钟南山临危受命,担任广东省非典型肺炎医疗救护专家指导小组组长。也是春天,疫情在广东突然出现,不久,北京等地开始传播,一些国家也接到了病例报告。疫情呈全球蔓延之势。

ལོ་བཅུ་བདུན་གོང་དམིགས་བསལ་གློ་ཚད་ཐོན་པའི་གནས་ཚུལ་ནི་རྒྱལ་དམངས་ཚོར་དྲན་ཤེས་ཟབ་པ་དང་། སྐབས་དེར་ཀྲུང་ནན་ཧྲན་གྱིས་ཕྱིར་བཤོལ་མེད་པར་ཉེན་ཁར་གདོང་ལེན་གྱིས་ཀོང་ཏུང་ཞིང་ཆེན་དམིགས་བསལ་གློ་ཚད་སྨན་བཅོས་སྲོག་སྐྱོབ་ཆེད་མཁས་མཛུབ་ཁྲིད་ཚོ་ཆུང་གི་འགོ་འཛིན་གྱི་འགན་བཞེས་གནང་བ་རེད། དེ་དུས་ཀྱང་དཔྱིད་ཀ་ཡིན་ཏེ། ཀོང་ཏུང་དུ་ནད་ཡམས་གློ་བུར་བྱུང་བ་དང་། མི་རིང་བར་པེ་ཅིན་སོགས་སུ་ནད་ཡམས་ཁྱབ་འགོ་ཚུགས་ཤིང་། རྒྱལ་ཁབ་ཁ་ཤས་ལའང་ནད་དཔེ་ཐོན་པའི་སྙན་ཞུ་བྱུང་ཞིང་། ནད་ཡམས་དེ་འཛམ་གླིང་ཡོངས་སུ་མཆེད་པའི་རྣམ་པ་མངོན།

疫情最初在河源、中山、佛山发生,病人急急送来广州。病人接触过的人倒下了,医生护士也不能幸免。患者发烧,面部、颈部充血,接着呕吐、干咳,肺部出现白肺,呼吸开始变得困难。病人多死于呼吸衰竭或多脏器衰竭。

ནད་ཡམས་དེ་ཐོག་མར་ཀོང་ཏུང་ཞིང་ཆེན་གྱི་ས་ཁུལ་ཁག་ལ་བྱུང་བ་དང་། ནད་པ་བྲེལ་བྲེལ་འཚུབ་འཚུབ་ངང་ཀོང་ཀྲོའུ་དུ་བསྐྱལ་བའི་རྐྱེན་གྱིས། ནད་པ་དང་ཐུག་འཕྲད་བྱེད་མྱོང་བའི་མི་རྣམས་ལ་ནད་ཡམས་འགོས་པ་མ་ཟད། ཐ་ན་སྨན་པ་དང་སྨན་ཞབས་པ་ལ་ཡང་ནད་ཡམས་འགོས་པ་རེད། ནད་པ་ཐོག་མར་ཚ་བ་རྒྱས་པ་དང་། གདོང་དང་མཇིང་པར་ཁྲག་རྒྱས་ཤིང་། དེ་ནས་སྐྱུག་པ་དང་སྐམ་ལུ་བྱེད་པ། རིམ་བཞིན་གློ་བ་དཀར་པོར་གྱུར་ཞིང་དབུགས་འབྱིན་རྔུབ་བྱེད་དཀའ་བར་གྱུར། ནད་པ་མང་ཆེ་བ་དབུགས་འབྱིན་རྔུབ་ཉམས་པ་དང་ཡང་ན་ཁོག་ནང་དབང་པོའི་ནུས་པ་ཉམས་ནས་ཤི་བ་རེད།

一时谣言四起,人们抢购罗红霉素、板蓝根、醋……这些平素不起眼的东西价格飞涨,板蓝根一包8元,有的卖到40元,抗病毒口服液卖十几元,有的涨到了130元……

སྐབས་ཤིག་རིང་དཀྲོག་གཏམ་གང་སར་ཁྱབ་ཏེ། མི་རྣམས་ཀྱིས་རོ་རླམ་རྒྱུ་དམར་པོ་­­罗红霉素དང་། རམས་རྩའི་འཐུང་སྨན།板蓝根 ཚུའུ་སོགས་ཧབ་ཐོབ་བརྒྱབ་ནས་ཉོས། རྒྱུན་གཏན་གྱི་ཅ་དངོས་འདི་དག་གི་རིན་གོང་མགྱོགས་མྱུར་འཕར་ཏེ། རམས་རྩའི་འཐུང་སྨན་ཐུམ་གཅིག་ལ་སྒོར་8ནས་སྒོར་40བར་འཕར་བ་དང་། ནད་དུག་འགོག་པའི་བཏུང་སྨན་གཅིག་ལ་སྒོར་­10­ལྷག་ནས་སྒོར་130བར་འཕར་ཡོད།

钟南山急了,他第一时间请缨,要求把所有的重症病人全部集中到他所在的广州呼吸疾病研究所来。病因不明,病症难治,更糟糕的是疾病传播途径尚不清楚,个别医生有顾虑,钟南山知道事情的严重性,他坚定地说:“医院就是战场,作为战士,我们不冲上去谁冲上去?现在是需要我们站出来的时候,不能有丝毫犹豫,因为我们是医生,这是我们的职责!”在他看来,他们就是搞呼吸疾病研究的,最艰巨的救治任务不由他们承担靠谁来承担?!

ཀྲུང་ནན་ཧྲན་དངངས་འཚབ་ལངས་ཏེ་ལམ་སེང་ཚབས་ལྕིའི་ནད་པ་ཚང་མ་རང་ཉིད་གནས་སའི་ཀོང་ཀྲོའུ་དབུགས་ལམ་ནད་གཞི་ཞིབ་འཇུག་ཁང་དུ་འདུ་དགོས་པའི་བླང་བྱ་བཏོན་པ་རེད། ནད་རྐྱེན་མི་གསལ་བས་ནད་གཞི་བཅོས་དཀའ་བ་མ་ཟད། དེ་ལས་ཐབས་རྡུགས་པ་ཞིག་ནི་ནད་ཡམས་མཆེད་པའི་ལམ་གསལ་པོ་ཤེས་ཀྱི་མེད་པ་དེ་ཡིན་པ་དང་། སྨན་པ་ལ་ལར་རང་ངོས་ཀྱི་སེམས་ཁྲལ་ཡོད། ཀྲུང་ནན་ཧྲན་གྱིས་གནས་ཚུལ་ཛ་དྲག་པོ་ཡོད་པ་ཤེས་ཀྱི་ཡོད་པས། ཁོང་གིས་སྨན་ཁང་ནི་གཡུལ་ས་དང་། སྨན་པ་ནི་འཐབ་འཛིང་པ་ཡིན་པས། ང་ཚོས་གདོང་སྐྱོད་མ་བྱས་ན་སུས་གདོང་སྐྱོད་བྱེད་སྲིད། ད་ལྟ་ནི་ང་ཚོས་གདོང་སྐྱོད་བྱེད་དགོས་པའི་སྐབས་ཡིན་པས་ཐེ་ཚོམ་སྤུ་ཙམ་ཡང་བྱ་མི་རུང་། གང་ཡིན་ཞེ་ན། ང་ཚོ་སྨན་པ་ཡིན་པས་འདི་ནི་ང་ཚོའི་འགན་འཁྲི་རེད་ཅེས་གསུངས། ཁོང་གི་ངོས་ནས་བརྗོད་ན། ཁོང་ཚོ་ནི་དབུགས་ལམ་ནད་གཞིར་ཞིབ་འཇུག་བྱེད་མཁན་ཞིག་ཡིན་པ་དང་། དཀའ་ཚེགས་ཆེ་ཤོས་ཀྱི་སྨན་བཅོས་ལས་འགན་དེ་ཁོང་ཚོས་མི་འཁུར་ན་སུས་ཁུར་དགོས།

武汉的病人发烧、乏力,部分出现干咳,痰很少,少数流鼻涕、鼻塞,还有少数有胃肠道方面的症状,个别有心肌、消化道、神经系统的问题。这与“非典”既相似又不一样,很多病人并没有高烧,开始时症状也不太严重,肺部情况也不像“非典”。他判断,两者相比,尽管有很多同源性,但应是平行的完全不同的两种病毒。这种新型病毒到底有多危险,会怎么变异,他并不了解。而这正是他忧虑的地方。

ཝུའུ་ཧན་གྱི་ནད་པ་ཚ་བ་རྒྱས་པ་དང་། ཤུགས་ཟད་པ། ཁག་གཅིག་སྐམ་གློ་རྒྱག་རུང་ལུད་པ་ཉུང་བ། ཉུང་ཤས་ཤིག་སྣ་འགག་ཅིང་སྣབས་ལུད་བཞུར་བ། ད་དུང་ཉུང་ཤས་ཤིག་ལ་ཕོ་རྒྱུའི་ནད་རྟགས་ཡོད་པ། རེ་ཟུང་ལ་སྙིང་ཤ་དང་འཇུ་ལམ། དབང་རྩའི་མ་ལག་བཅས་ཀྱི་གནད་དོན་ཡོད། དེ་ནི་དམིགས་བསལ་གློ་ཚད་དང་འདྲ་བའི་ཆ་ཡོད་ལ་མི་འདྲ་ས་ཡང་ཡོད་པ་སྟེ། ནད་པ་མང་པོ་ཞིག་ལ་ཚ་བ་རྒྱས་མེད་པ་དང་། ཐོག་མའི་ནད་རྟགས་ཀྱང་ཚབས་ཆེན་པོ་མེད་ལ། གློ་བའི་གནས་ཚུལ་ཡང་དམིགས་བསལ་གློ་ཚད་དང་མི་འདྲ། ཁོང་གིས་དེ་གཉིས་ཕན་ཚུར་བསྡུར་བ་བྱས་རྗེས་ཁུངས་མཐུན་རང་བཞིན་མང་པོ་ཡོད་རུང་དེ་གཉིས་རྩ་བ་ནས་མི་འདྲ་བའི་ནད་དུག་རིགས་གཉིས་ཡིན་པ་ཐག་བཅད་པ་རེད། ནད་དུག་གསར་པ་འདིའི་རིགས་ལ་ཉེན་ཁ་ཅི་འདྲ་ཡོད་པ་དང་། གཞན་འགྱུར་ཇི་ལྟར་བྱུང་བའི་ཐད་རྒྱུས་མངའ་མེད་པས། འདི་ནི་ཁོང་གིས་སེམས་ཁྲལ་བྱེད་ས་དེ་རེད།

抗击“非典”那年钟南山67岁,今年84岁,十七年的岁月在他的青丝上留痕,秋霜似的白发笼在他的额头。想不到耄耋之年他还要与病毒交战!有网民说:“他劝别人不要去武汉,他却去了。明知道老年人最易感染。”在高速行驶的车上,他不知是怎样一种心情,他嘴角深弯向下,不难看出,他不只是疲惫,还心怀悲戚。从此刻的忧心到后来的多次哽咽、含泪,疫情的发展比他估计的还要严重。

དམིགས་བསལ་གློ་ཚད་ལ་འགོག་རྒོལ་བྱེད་སྐབས་ཀྲུང་ནན་ཧྲན་དགུང་ལོ་67ཡིན་པ་དང་། ད་ལོ་དགུང་ལོ་84ལ་སླེབས། ལོ་བཅུ་བདུན་གྱི་ལོ་ཟླའི་ནང་ཁོང་གི་དབུ་སྐྲ་དུང་ལྟར་དཀར་བར་གྱུར། བསམ་ཡུལ་ལས་འདས་པ་ཞིག་ལ་དགུང་ལོ་89སླེབས་པའི་ཀྲུང་ནན་ཧྲན་གྱིས་ད་དུང་ནད་དུག་དང་འཐབ་རྩོད་བྱེད་བཞིན་ཡོད། དྲ་དམངས་ཤིག་གིས་ཁོང་གིས་མི་གཞན་ལ་ཝུའུ་ཧན་དུ་མི་འགྲོ་བའི་ཁ་ཏ་བྱས་ཀྱང་ཁོང་རང་ཕྱིན་སོང་། རྒན་པོར་ནད་ཡམས་འགོས་སླ་བ་ཤེས་བཞིན་དུ་ཕྱིན་སོང་ཞེས་བཤད། མྱུར་བགྲོད་རླངས་འཁོར་ནང་ཁོང་གི་སེམས་ཁམས་གང་འདྲ་ཞིག་ཡིན་པ་མི་ཤེས་རུང་། ཁོང་གི་ངོ་གདོང་ནས་ཁོང་ངལ་དུབ་ཀྱིས་མནར་བ་ཕུད། ད་དུང་སེམས་སྡུག་བྱེད་ཀྱི་ཡོད་པ་མཐོང་ཐུབ། སྐབས་དེའི་སེམས་སྡུག་ནས་ཕྱིས་སུ་ངུ་སྐད་དང་མིག་ཆུ་ཐེངས་མང་ཤོར་བ་དང་། ནད་ཡམས་ཀྱི་འཕེལ་ཚུལ་ནི་ཁོང་གི་ཚོད་དཔག་བྱས་པ་ལས་ཀྱང་ཚབས་ཆེ་བ་ཡོད།

武汉一夜,钟南山难以入眠。国家又一次面临考验,人民又一次受到瘟疫的威胁。他辗转反侧,等来了天亮。落叶脱尽树木光秃秃的冬天景象出现了。他实地调查研究,今天与昨天、昨天与前天,情况都在变化,两天内确诊了139例新冠肺炎患者,出现了人传人的情况,医务人员被感染了,这是一个非常重要的标志……

ཝུའུ་ཧན་ལ་སླེབས་པའི་མཚན་མོ་འདིར་ཀྲུང་ནན་ཧྲན་གཉིད་ལ་ཡུར་དཀའ། རྒྱལ་ཁབ་ལ་ཡང་བསྐྱར་ཉམས་སད་ཅིག་འཕྲད་པ་དང་། མི་དམངས་ལ་ཡང་ནད་ཡམས་ཀྱི་འཇིགས་སྐུལ་ཞིག་ཐེབས། ཁོང་གིས་མཚན་གང་འགྲེ་ལོག་བརྒྱབ་ནས་གཉིད་ཁུག་མེད། ནམ་ལངས་རྗེས་ཤིང་སྡོང་སྐྱ་ཐེར་ཡིན་པའི་དགུན་གྱི་རྣམ་པ་ཁོང་གི་མིག་ལམ་དུ་འཆར། ཁོང་གིས་ཡུལ་དངོས་བརྟག་དཔྱད་ཞིབ་འཇུག་བྱས། དེ་རིང་དང་ཁ་ས། ཁ་ཉིན་བཅས་ཀྱི་གནས་ཚུལ་ལ་འགྱུར་ལྡོག་བྱུང་ནས་ཉིན་གཉིས་ནང་ཚུན་དུ་ཏོག་གསར་གློ་ཚད་ཕོག་པའི་ནད་པ་139གཏན་འཁེལ་བྱས་པ་དང་། མི་ནས་མི་ལ་འགོ་བའི་གནས་ཚུལ་ཐོན་ཞིང་། སྨན་བཅོས་མི་སྣར་ནད་ཡམས་འགོས་པ་དེ་ནི་མཚོན་རྟགས་གལ་ཆེན་ཞིག་རེད།

历史似乎在重复,他最不想看到的一幕又出现了。当年央视王志的《面对面》新闻节目,面对瞒报疫情和权威部门病因的错误结论,钟南山面对观众说出了真相。同样是央视,白松岩的《新闻1+1》节目,他再一次说出了真相,他郑重公布:“它(新型冠状病毒肺炎)是肯定的有人传人。……在广东有两个病人,他没去过武汉,但家人在去了武汉以后染上了新型冠状病毒……现在可以这么说,是肯定的,有人传人现象。”

ལོ་རྒྱུས་བསྐྱར་ཟློས་བྱས་པ་འདྲ། ཁོང་གིས་ཤིན་ཏུ་མཐོང་མི་འདོད་པའི་གནས་ཚུལ་སླར་ཡང་ཐོན་པ་རེད། སྐབས་དེ་དུས་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ངོ་ཐུག་གདོང་ཕྲད་ཅེས་པའི་གསར་འགྱུར་ལེ་ཚན་ཐོག་ཀྲུང་ནན་ཧྲན་གྱིས་ནད་ཡམས་ཀྱི་གནས་ཚུལ་སྦ་གསང་སྐོར་དང་དབང་གྲགས་སྡེ་ཁག་གིས་ནོར་འཛོལ་ཤོར་བའི་ནད་གཞི་བྱུང་རྐྱེན་སོགས་ལ་དམིགས་ཏེ་ལྟད་མོ་བར་གནས་ཚུལ་ངོ་མ་ངོ་སྤྲོད་གནང་། ཡང་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགྱུར་1+1ལེ་ཚན་ཐོག་ཀྲུང་ནན་ཧྲན་གྱིས་གནས་ཚུལ་ངོ་མ་ཡང་བསྐྱར་ཐེངས་གཅིག་གསུངས་ཤིང་། ཁོང་གིས་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་དེ་མི་ནས་མི་ལ་འགོ་སྲིད། ཀོང་ཏུང་དུ་ནད་པ་གཉིས་ཡོད་པ་ཝུའུ་ཧན་ལ་འགྲོ་མྱོང་མེད་མོད། འོན་ཀྱང་ཁྱིམ་མི་ཝུའུ་ཧན་ལ་ཕྱིན་རྗེས་ཏོག་དབྱིབས་ནད་དུག་གསར་པ་འགོས་ཡོད་པ་རེད། དེས་ན་ནད་དུག་དེ་ཏན་ཏན་མི་ནས་མི་ལ་འགོ་སྲིད་ཅེས་ནན་ཏན་གྱིས་ཁྱབ་བསྒྲགས་བྱས།

此言一出,惊醒了国人,人们匆忙的脚步停了下来,迎大年的节奏打乱了。当年“非典”那一幕瞬间回到了人们的记忆中。

སྐད་ཆ་དེ་བཤད་མ་ཐག་རྒྱལ་དམངས་ཚོ་གཉིད་ལས་དཀྲོགས་པ་ལྟར། མི་རྣམས་བྲེལ་འཚུབ་ཀྱི་གོམ་སྟབས་མཚམས་འཇོག་མ་བྱེད་ཀ་མེད་བྱུང་བ་དང་། ལོ་གསར་བསུ་བའི་བྱ་རིམ་ཡང་མི་འགྱུར་ཀ་མེད་བྱུང་། སྐབས་དེར་དམིགས་བསལ་གློ་ཚད་དེ་འཕྲལ་མར་མི་རྣམས་ཀྱི་དྲན་ཤེས་སུ་འཁོར།

1 20日下午,他答新华社记者问,提出了对武汉防控的主张,即武汉减少输出,要对火车站、机场等口岸施行严格的检测措施,首先是测体温,有症状特别是体温不正常的须强制隔离;除非极为重要的事情,外地人一般不要去武汉。这实际上是建议武汉封城。

ཟླ་1ཚེས་20ཉིན་གྱི་ཕྱི་དྲོ་ཁོང་གིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་དྲི་བར་ལན་བསྐྱོན་སྐབས། ཝུའུ་ཧན་དུ་སྔོན་འགོག་ཚོད་འཛིན་བྱ་རྒྱུའི་འདོད་ཚུལ་བཏོན་པ་སྟེ། ཝུའུ་ཧན་ནས་མི་ཕྱིར་གཏོང་བྱེད་ཚད་ཉུང་དུ་བཏང་བ་དང་། མེ་འཁོར་བབས་ཚུགས་དང་གནམ་ཐང་སོགས་འགག་སྒོར་ཞིབ་དཔྱད་ཚད་ལེན་ནན་པོ་བྱ་དགོས་ཏེ། ཐོག་མར་ལུས་དྲོད་ཚད་འཇལ་བྱ་དགོས་པ་དང་། ནད་རྟགས་ཡོད་པ་དང་ལྷག་པར་དུ་ལུས་དྲོད་རྒྱུན་ལྡན་མིན་ཚེ་ངེས་པར་དུ་བཙན་ཐབས་ཀྱིས་ལོགས་བཀར་བྱེད་དགོས། དོན་དག་ཧ་ཅང་གལ་ཆེན་ཡོད་པ་ཕུད། སྤྱིར་ན་ཕྱི་མི་ཝུའུ་ཧན་ལ་འགྲོ་རྒྱུ་མེད་པར་གསུངས། དོན་དངོས་ཐོག་དེ་ནི་ཝུའུ་ཧན་གྲོང་ཁྱེར་ལ་བཀག་སྡོམ་བྱ་རྒྱུའི་གྲོས་འགོ་བཏོན་པ་རེད།

他提醒疫情预防和控制最有效的办法是早发现、早诊断,还有治疗、隔离。对已经诊断,或者将要确诊的病人要进行有效隔离,这是极为重要的!目前没有特效药。戴口罩很重要。

ཁོང་གིས་དྲན་སྐུལ་བྱས་པར། ནད་ཡམས་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ཡག་ཤོས་ནི་སྔ་ཙམ་ནས་ཤེས་རྟོགས་དང་སྔ་ཙམ་ནས་བརྟག་དཔྱད་བྱེད་པ། ད་དུང་སྔ་ཙམ་ནས་སྨན་བཅོས་དང་ལོགས་བཀར་འཇོག་རྒྱུ་དེ་ཡིན།  ནད་གཞི་བརྟག་དཔྱད་བྱས་ཟིན་པའམ་ཡང་ན་ནད་གཞི་བརྟག་དཔྱད་བྱེད་གྲབས་ཡོད་པའི་ནད་པ་རྣམས་ལོགས་བཀར་ནུས་ལྡན་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན། མིག་སྔར་ཕན་ནུས་ཆེ་བའི་སྨན་མེད་པས་ཁ་རས་གྱོན་རྒྱུ་གལ་ཆེན་ཡིན།

他呼吁各级政府领导要负起责任来,这不单纯是卫健委的问题。他提醒政府、医务人员、全社会都要关心,属地领导要担起责任。现在处在一个节骨眼上,春节期间得病的人数会增加。但他不希望呈现链式的发展。要防止它传播,要害是警惕在传播过程中出现超级传播者……

ཁོང་གིས་རིམ་ཁག་སྲིད་གཞུང་གི་འགོ་ཁྲིད་ཀྱིས་འགན་འཁྲི་འཁུར་དགོས་ཏེ། དེ་འཕྲོད་བསྟེན་ཨུ་ལྷན་ཁོ་ནའི་ལས་འགན་མིན་པར་འབོད་སྐུལ་བྱས། ཁོང་གིས་སྲིད་གཞུང་དང་། སྨན་བཅོས་མི་སྣ། སྤྱི་ཚོགས་ཡོངས་བཅས་ཀྱིས་དོ་ཁུར་བྱ་དགོས་པ་དང་། ཁོངས་གཏོགས་འགོ་ཁྲིད་ཀྱིས་འགན་འཁྲི་འཁུར་དགོས་པའི་དྲན་སྐུལ་གནང་། ད་ཆ་འགག་རྩའི་དུས་སུ་གནས་ཡོད་པས་དཔྱིད་གསར་དུས་ཆེན་རིང་ནད་པ་མང་དུ་འགྲོ་སྲིད། འོན་ཀྱང་ཁོང་གིས་རིམ་འབྲེལ་ལྟ་བུའི་འཕེལ་རྒྱས་མི་བྱུང་བའི་རེ་བ་བྱེད་བཞིན་ཡོད། ནད་དུག་སྔོན་འགོག་བྱེད་པའི་གནད་འགག་ནི་ཁྱབ་སྤེལ་བརྒྱུད་རིམ་ཁྲོད་འགོས་ཁྱབ་ཤུགས་ཆེ་བཟོ་མཁན་ཐོན་པར་དོགས་ཟོན་བྱ་དགོས་པ་རེད།

这些呼吁在他武汉考察后及时发出。 

འབོད་སྐུལ་འདི་དག་ཁོང་གིས་ཝུའུ་ཧན་དུ་རྟོག་ཞིབ་གནང་རྗེས་དུས་ཐོག་ཏུ་ཁྱབ་བསྒྲགས་གནང་བ་ཞིག་རེད།

二、天下救人事最大

གཉིས། མིའི་སྲོག་སྐྱོབ་རྒྱུ་ནི་གལ་འགངས་ཆེ་ཤོས་ཡིན།

事态急剧发展。年关逼近。钟南山武汉、北京、广州三地奔波,再无喘息之机。

གནས་ཚུལ་འཕེལ་རྒྱས་མྱུར་ལ་ལོ་གསར་འཆར་གྲབས་ཡོད་པའི་སྐབས་སུ། ཀྲུང་ནན་ཧྲན་ཝུའུ་ཧན་དང་། པེ་ཅིན། ཀོང་ཀྲོའུ་བཅས་གྲོང་ཁྱེར་གསུམ་དུ་ཕར་འགྲོ་ཚུར་འོང་བྱེད་དགོས་པས་ངལ་གསོ་བའི་གོ་སྐབས་རྩ་བ་ནས་མེད།

春节,烟花爆竹突然沉默不响了,大江南北一片寂静。人们关在家里,不再相聚相庆,不再串门拜年,喜庆之气、祥瑞之气被疫情冲得踪迹全无。

དཔྱིད་གསར་དུས་ཆེན་སྐབས་ཀྱི་ཤོག་སྦག་སྤར་བའི་སྐད་སྒྲ་གློ་བུར་དུ་མེད་པས་ཀྲུང་གོ་ཡོངས་འཇམ་ཐིང་ཐིང་དུ་གྱུར། མི་རྣམས་ཁྱིམ་དུ་བསྡད་ནས་ཕན་ཚུན་དྲ་ཐོག་ནས་རྟེན་འབྲེལ་ཞུ་བ་ལས་མཉམ་འཛོམས་ཀྱིས་རྟེན་འབྲེལ་ཞུ་མཁན་མེད། ནད་ཡམས་ཀྱི་རྐྱེན་པས་བཀྲ་ཤིས་རྟེན་འབྲེལ་གྱི་རྣམ་པ་ཡོངས་སུ་མཐོང་རྒྱུ་མེད།

武汉在大年三十前一天封城。不久,紧挨武汉的黄冈封城,远在千里之外的温州乐清市、瑞安市、永嘉县也封城了……大小城市街道静悄悄的,人影难觅。史无前例的举措举世震惊。一切都是这样措手不及。但灾难从来就是猝不及防的。

ཉི་ཤུ་དགུའི་ཉིན་དུ་ཝུའུ་ཧན་གྲོང་ཁྱེར་སྒོ་བསྡམས་ཤིང་། མི་རིང་བར་ཧོང་ཀང་གྲོང་ཁྱེར་སྒོ་བསྡམས་པ་དང་། དེ་རྗེས་ཝུན་ཀྲོའུ་ལེ་ཆིང་གྲོང་ཁྱེར་དང་། རུའེ་ཨན་གྲོང་ཁྱེར།  ཡུང་ཅ་རྫོང་བཅས་ཀྱང་བཀག་སྡོམས་བྱས། གྲོང་ཁྱེར་ཁག་གི་ཁྲོམ་གཞུང་འཇམ་ཐིང་ངེར་གྱུར་ནས་མིའི་གྲིབ་མ་ཙམ་ཡང་མཐོང་རྒྱུ་མེད། ལོ་རྒྱུས་ཐོག་བྱུང་མྱོང་མེད་པའི་བྱ་ཐབས་འདིར་མི་རྣམས་ཧ་ལས་པར་གྱུར། ཡོད་ཚད་འདི་ལྟར་ཅི་བྱ་གཏོལ་མེད་དུ་གྱུར། འོན་ཀྱང་གནོད་འཚེ་ནི་གནམ་ལྕགས་ཐོག་ལ་འགོག་ཁོམ་མེད་པ་ལྟར་ཡིན།

国家进入战时状态,这是一场只能打赢不能打输的战争,保卫生命必须争分夺秒!

རྒྱལ་ཁབ་ཚ་དྲག་གི་དུས་སུ་སླེབས་པ་དང་། དེ་ནི་རྒྱལ་དགོས་པ་ལས་ཕམ་མི་རུང་བའི་དམག་འཁྲུག་ཅིག་ཡིན་པས་ཚེ་སྲོག་སྲུང་སྐྱོབ་བྱ་ཆེད་ངེས་པར་དུ་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱ་དགོས།

118日,钟南山到武汉,立即投身战斗。119日一早,国家卫健委、武汉卫生部门和专家召开会议,汇报分析疫情,接着去武汉金银潭医院、疾控中心实地考察调查;下午专家开会,钟南山5点赶到机场,飞到北京参加当晚国家卫健委召开的会议,子夜1点半散会。这一夜他只睡了四个小时。120日早上6点起床,研究汇报材料后,赶到国务院,向孙春兰副总理汇报。下午1点半,国家卫健委召开高级别专家组会议,李克强总理出席,随即新闻发布会召开,直到晚上7点结束。120日晚上9点半,钟南山以连线嘉宾身份出现在央视《新闻1+1》中,公开了重要的疫情信息。121日,他又在广东省首场疫情发布会上,介绍广东全面加强疫情防控情况……忙碌的节奏一直到除夕夜,作为疫情应急科研攻关组组长的他,大年三十也回不了家。

ཟླ་དང་པོའི་ཚེས་18ཉིན་ཀྲུང་ནན་ཧྲན་ཝུའུ་ཧན་དུ་སླེབས་རྗེས་ལམ་སེང་སྨན་བཅོས་ཀྱི་དམག་འཐབ་ལས་ཀར་ཞུགས། ཟླ་དང་པོའི་ཚེས་19ཉིན་གྱི་ཞོགས་པ་རྒྱལ་ཁབ་འཕྲོད་བསྟེན་ཨུ་ལྷན་དང་ཝུའུ་ཧན་འཕྲོད་བསྟེན་སྡེ་ཁག རིགས་གཅིག་མཁས་ཅན་བཅས་མཉམ་དུ་ཚོགས་འདུ་འཚོགས་ནས་ནད་ཡམས་ཀྱི་གནས་ཚུལ་སྙན་སེང་དང་དབྱེ་ཞིབ་བྱས་རྗེས། ཝུའུ་ཧན་ཅིན་ཡིན་ཐན་སྨན་ཁང་དང་ནད་ཡམས་ཚོད་འཛིན་ལྟེ་གནས་གཉིས་སུ་ཡུལ་དངོས་རྟོག་ཞིབ་དང་བརྟག་དཔྱད་གནང་བར་ཕེབས། ཕྱི་དྲོ་རིགས་གཅིག་མཁས་ཅན་གྱི་ཚོགས་འདུ་འཚོགས་རྗེས། ཕྱི་དྲོའི་ཆུ་ཚོད་5པར་ཀྲུང་ནན་ཧྲན་གནམ་གྲུར་བཞུགས་ཏེ་པེ་ཅིང་དུ་འཕུར་ནས་ཉིན་དེའི་དགོང་མོ་རྒྱལ་ཁབ་འཕྲོད་བསྟེན་ཨུ་ལྷན་གྱིས་འཚོགས་པའི་ཚོགས་འདུར་ཞུགས་པ་དང་མཚན་མོའི་ཆུ་ཚོད་དང་པོ་དང་ཕྱེད་ཀར་གཞི་ནས་ཚོགས་འདུ་གྲོལ་བ་རེད། དགོང་མོ་འདིར་ཁོང་གིས་གཉིད་ཆུ་ཚོད་བཞི་ཙམ་ལས་ཉལ་མེད། ཟླ་དང་པོའི་ཚེས་20ཉིན་གྱི་སྔ་དྲོ་ཆུ་ཚོད་6པར་ལངས་ཏེ་དཔྱད་གཞིའི་ཡིག་རིགས་ལ་ཞིབ་འཇུག་བྱས་རྗེས། རྒྱལ་སྲིད་སྤྱི་ཁྱབ་ཁང་དུ་སོང་ནས་ཙུང་ལི་གཞོན་པ་སུན་ཁྲུན་ལན་ལ་སྙན་ཞུ་ཕུལ། ཕྱི་དྲོའི་ཆུ་ཚོད་དང་པོ་དང་ཕྱེད་ཀར་རྒྱལ་ཁབ་འཕྲོད་བསྟེན་ཨུ་ལྷན་གྱིས་མཐོ་རིམ་མཁས་དབང་ཚོ་ཆུང་གི་ཚོགས་འདུ་འཚོགས་པ་དང་། ཙུང་ལི་ལི་ཁེ་ཆའང་ཚོགས་འདུར་ཞུགས་གནང་བ་རེད། དེ་རྗེས་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་འཚོགས་ནས་དགོང་མོའི་ཆུ་ཚོད་བདུན་པར་གཞི་ནས་མཇུག་བསྒྲིལ་བ་རེད། ཟླ་དང་པོའི་ཚེས་20ཉིན་གྱི་དགོང་མོའི་ཆུ་ཚོད་9དང་ཕྱེད་ཀར་ཀྲུང་ནན་ཧྲན་གྱིས་དྲ་ཐོག་སྐུ་མགྲོན་གྱི་ངོས་ནས་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགྱུར་1+1ཐོག་ནད་ཡམས་ཀྱི་གནས་ཚུལ་གལ་ཆེན་ཁྱབ་བསྒྲགས་གནང་བ་རེད། ཟླ་དང་པོའི་ཚེས་21ཉིན་ཁོང་གིས་ཀོང་ཏུང་ཞིང་ཆེན་གྱི་ནད་ཡམས་གནས་ཚུལ་ཁྱབ་བསྒྲགས་ཚོགས་འདུ་ཐེངས་དང་པོའི་ཐོག་ཀོང་ཏུང་གིས་ནད་ཡམས་སྔོན་འགོག་ཚོད་འཛིན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པའི་གནས་ཚུལ་ངོ་སྤྲོད་གནང་བ་རེད། དེ་ལྟར་གནམ་གང་དགོང་མོ་བར་ལས་བྲེལ་ཆེ་བས། ནད་ཡམས་འཕྲལ་སྡོམ་ཚན་ཞིབ་འགག་སྒྲོལ་ཚོ་ཆུང་གི་འགོ་འཛིན་ཡིན་པའི་ཀྲུང་ནན་ཧྲན་མཆོག གནམ་གང་ཉིན་མོ་ཡང་ཁྱིམ་དུ་ལོག་ཐུབ་མེད།

钟南山再次成为公众人物。他分秒必争的身影出现在大众视野中:129日下午,他领衔广州医科大学附属第一医院专家团队与武汉前方的广东医疗队ICU团队进行远程视频会诊,5个危重症患者出现在他面前。会诊室里,他坐在中心位置,从视频中直接察看患者病情,十几个专家坐在他的身后,从用药到基因全测序,大家讨论着,关键时候,钟南山怕ICU的医生听不清他的话,他摘下了口罩。这一次会诊时间持续了六小时十八分钟。

ཀྲུང་ནན་ཧྲན་སླར་ཡང་ཀུན་གྱིས་དོ་སྣང་བྱེད་ཡུལ་དུ་གྱུར། ཁོང་གིས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་གཟུགས་བརྙན་འདི་མང་ཚོགས་ཀྱི་མིག་ལམ་དུ་འཆར། ཟླ་དང་པོའི་ཚེས་29ཉིན་གྱི་ཕྱི་དྲོ་ཁོང་གིས་མཛུབ་ཁྲིད་གནང་བའི་ཀོང་ཀྲོའུ་གསོ་རིག་སློབ་གྲྭ་ཆེ་མོའི་ཞོར་གཏོགས་སྨན་ཁང་དང་པོའི་རིགས་གཅིག་མཁས་ཅན་ཚོགས་པས་ཝུའུ་ཧན་དུ་ཡོད་པའི་ཀོང་ཏུང་སྨན་བཅོས་རུ་ཁག་ICUཚོགས་པ་དང་མཉམ་དུ་རྒྱང་ཁྲིད་བརྙན་ལམ་གྱི་ནད་དཔྱད་བྱས་པ་དང་། ནད་གཞི་ཚབས་ཆེན་ཕོག་པའི་ནད་པ་5ཡང་བརྙན་ལམ་དུ་ཡོད་པ་རེད། ནད་དཔྱད་ཁང་དུ་ཁོང་ལྟེ་གནས་སུ་བཞུགས་ཏེ། བརྙན་ལམ་ཐོག་ནས་ཐད་ཀར་ནད་པའི་ནད་བབ་ལ་ལྟ་ཞིབ་གནང་བ་དང་། རིགས་གཅིག་མཁས་ཅན་བཅུ་གྲངས་ཁོང་གི་རྒྱབ་ཏུ་བསྡད་དེ་སྨན་སྤྱོད་ཐབས་ནས་ཉིང་སྐྱུར་བརྟག་དཔྱད་བྱེད་ཐབས་ཐད་ཚང་མས་གྲོས་བསྡུར་བྱེད་བཞིན་ཡོད། འགག་རྩའི་སྐབས་སུ་ཀྲུང་ནན་ཧྲན་གྱིས་ICUཡི་སྨན་པས་ཁོང་གི་སྐད་ཆ་གསལ་པོ་ཐོས་ཆེད་ཁ་རས་ཕུད་པ་རེད། ཐེངས་འདིའི་ནད་དཔྱད་ལ་ཆུ་ཚོད་དྲུག་དང་སྐར་མ་བཅོ་བརྒྱད་ལྷག་ཙམ་འགོར་བ་རེད།

有“病毒猎手”之称的美国哥伦比亚大学教授利普金到访中国。130日早上6点,钟南山与他会见。由于钟南山当天要赶到北京参加全国疫情防治策略座谈会,利普金教授在他前往机场的车上就疫情与他进行探讨。白云机场到了,他们在航站楼前告别。飞机起飞,几个危重病人的治疗方案摊开在钟南山的活动桌板上,他要在飞行时间内确定救治办法。下了飞机出首都机场航站楼,北京卫视的记者接他上车,在路上对他进行专访,许多社会关心的重要问题需要他及时回答。目的地到了,下车后,他大步流星直奔会场……

ནད་དུག་རྔོན་པ་ཟེར་བའི་ཨ་རིའི་ཀོ་ལུན་པི་ཡ་སློབ་གྲྭ་ཆེ་མོའི་དགེ་རྒན་ཆེ་མོ་ལིབ་ཀིན་ཀྲུང་གོར་འཚམས་འདྲིར་ཕེབས། ཟླ་དང་པོའི་ཚེས་30ཉིན་གྱི་ཞོགས་པའི་ཆུ་ཚོད་6པར། ཀྲུང་ནན་ཧྲན་གྱིས་ཁོང་དང་མཇལ་འཛོམས་གནང་། ཉིན་དེར་ཀྲུང་ནན་ཧྲན་པེ་ཅིང་དུ་རྒྱལ་ཡོངས་ཀྱི་ནད་ཡམས་འགོག་བཅོས་ཐབས་ཇུས་ཀྱི་བཞུགས་མོལ་ཚོགས་འདུར་ཞུགས་པར་བསྐྱོད་དགོས་པས་དགེ་རྒན་ཆེ་མོ་ལིབ་ཀིན་གྱིས་ཁོང་གནམ་ཐང་དུ་བསྐྱོད་པའི་རླངས་འཁོར་ཐོག་ནད་ཡམས་སྐོར་ལ་གྲོས་བསྡུར་གནང་བ་རེད། པའེ་ཡུན་གནམ་གྲུ་ཐང་ལ་སླེབས་རྗེས་ཁོང་གཉིས་གནམ་གྲུ་བབས་ཚུགས་ཀྱི་མདུན་དུ་ཞལ་གྱེས་གནང་། གནམ་གྲུ་འཕུར་རྗེས། ཀྲུང་ནན་ཧྲན་གྱིས་ནད་ལྕིའི་ནད་པ་ཁ་ཤས་ཀྱི་སྨན་བཅོས་ཇུས་གཞི་བཏོན་ནས་འཕུར་སྐྱོད་དུས་ཚོད་ནང་སྲོག་སྐྱོབ་སྨན་བཅོས་བྱ་ཐབས་གཏན་འཁེལ་བྱེད་དགོས། གནམ་གྲུ་བབས་ནས་རྒྱལ་སའི་གནམ་ཐང་གི་བབས་ཚུགས་ཐོག་ཁང་ནས་ཐོན་མ་ཐག་པེ་ཅིང་བརྙན་འཕྲིན་ཁང་གི་གསར་འགོད་པས་ཁོང་རླངས་འཁོར་ནང་བསུས་ཏེ་ལམ་བར་དུ་ཁོང་ལ་ཆེད་དོན་བཅར་འདྲི་བྱས་པ་དང་། སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་མང་པོར་ཁོང་གིས་དུས་ཐོག་ཏུ་ལན་འདེབས་གནང་བ་རེད། དམིགས་སར་སླེབས་རྗེས་རླངས་འཁོར་ནང་ནས་བབས་ཏེ་གོམ་ཞེང་ཆེན་པོས་ཚོགས་རར་བསྐྱོད།

座谈会由中国疾控中心召开,李克强总理参加座谈会,就进一步加强科学防控疫情听取专家意见。李克强总理进入会场,对专家说,本该与大家握手的,但按你们现在的规矩,握手就改拱手了。会议结束,李克强总理与专家们告别,他特意走过来对钟南山说:“还是握一次手吧!”

བཞུགས་མོལ་ཚོགས་འདུ་དེ་ཀྲུང་གོ་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་སྐོང་འཚོག་བྱས་པ་དང་། ཙུང་ལི་ལི་ཁེ་ཆའང་བཞུགས་མོལ་ཚོགས་འདུར་ཞུགས་གནང་བ་མ་ཟད། ཚན་རིག་དང་མཐུན་པའི་ནད་ཡམས་སྔོན་འགོག་ཚོད་འཛིན་ལ་སྔར་བས་ཤུགས་སྣོན་རྒྱག་ཆེད་རིགས་གཅིག་མཁས་ཅན་གྱི་བསམ་འཆར་གསན་གནང་བ་རེད། ཙུང་ལི་ལི་ཁེ་ཆའང་ཚོགས་རར་ཕེབས་ནས་རིགས་གཅིག་མཁས་ཅན་ལ་གསུངས་དོན། ལྷན་རྒྱས་དང་ཕྱག་བཏང་དགོས་པ་ཞིག་རེད། འོན་ཀྱང་ཁྱེད་རྣམ་པའི་ད་ལྟའི་སྒྲིག་ལམ་ལྟར་ན་ཐལ་མོ་སྦྱར་ནས་གུས་ལུགས་མཚོན་དགོས་ཀྱི་ཡོད། ཚོགས་འདུ་གྲོལ་རྗེས་ཙུང་ལི་ལི་ཁེ་ཆའང་དང་རིགས་གཅིག་མཁས་ཅན་ཚོ་ཞལ་གྱེས་སྐབས་ཁོང་གིས་ཆེད་མངགས་ཚུར་ཕེབས་ནས་ཀྲུང་ནན་ཧྲན་ལ་ད་རུང་ཕྱག་ཤིག་བཏང་གནང་དང་ཞེས་གསུངས།

钟南山在会议结束后赶回了广州,为又一批广州驰援武汉医疗队送行。广东是最早派出援助武汉医疗队的省。先后派出了二十多批。解放军医疗队也出动了。全国各地医护人员救援的调动规模和速度大大超过了当年的汶川大地震。白衣天使们义无反顾就像军人开赴前线一样,子与父别,妻与夫别,儿与母别……虽不能说是生死诀别,但谁又能保证每个人都能平安归来?就算他们防护得再好,也难保在枪林弹雨中不被击倒啊!这些白衣战士有的是钟南山的学生,有的是同事,他得细细叮咛。

ཀྲུང་ནན་ཧྲན་ཚོགས་འདུ་གྲོལ་རྗེས་ཀོང་ཀྲོའུ་རུ་ལོག་ནས། ཡང་ཀོང་ཀྲོའུ་ཡི་ཝུའུ་ཧན་མྱུར་སྐྱོབ་སྨན་བཅོས་རུ་ཁག་ཞིག་ལ་སྐྱེལ་མ་ཞུས། ཀོང་ཏུང་ནི་ཝུའུ་ཧན་རོགས་སྐྱོབ་སྨན་བཅོས་རུ་ཁག་མངགས་གཏོང་བྱེད་མཁན་ཞིང་ཆེན་སྔ་ཤོས་ཡིན། སྔ་རྗེས་སུ་སྨན་བཅོས་རུ་ཁག་ཉི་ཤུ་ལྷག་ཙམ་མངགས་ཡོད། དེའི་ཁྲོད་བཅིངས་འགྲོལ་དམག་གི་སྨན་བཅོས་རུ་ཁག་ཀྱང་བཏང་ཡོད། རྒྱལ་ཡོངས་ས་གནས་ཁག་གི་སྨན་དོན་མི་སྣའི་རོགས་སྐྱོབ་ཀྱི་སྐུལ་སློང་གཞི་ཁྱོན་དང་མྱུར་ཚད་ནི་དེ་སྔའི་ཝུན་ཁྲོན་ས་ཡོམ་ཆེན་པོ་ལས་ལྷག་པ་ཡོད། སྨན་བཅོས་མི་སྣས་དམག་མི་གཡུལ་སར་བསྐྱོད་པ་ལྟར་འགྱོད་སེམས་སྤུ་ཙམ་མེད་པའི་སྒོ་ནས་ཕ་མ་སྤུན་མཆེད་དང་ཁ་བྲལ་ནས་སྨན་བཅོས་ཀྱི་མདུན་སར་བསྐྱོད། ཤི་གསོན་གྱི་ཁ་བྲལ་རེད་ཅེས་བཤད་མི་འོས་རུང་། མི་ཚང་མ་བདེ་འཇགས་ངང་ལོག་པར་ཁག་ཐེག་སུས་བྱེད་ཐུབ། ཁོ་ཚོས་འགོག་སྲུང་གང་ལེགས་བྱས་རུང་། མདེའུ་གྱི་ཆར་པའི་ཁྲོད་མདེའུ་མི་ཕོག་པའི་འགན་ལེན་བྱེད་དཀའ། གོས་དཀར་འཐབ་འཛིང་པ་དེ་དག་ནང་། ལ་ལ་ཀྲུང་ནན་ཧྲན་གྱི་སློབ་མ་དང་ལ་ལ་ལས་གྲོགས་ཡིན་པས་ཁོང་གིས་ནན་མངགས་ཞིབ་ཅིང་ཕྲ་བ་བྱས།

在抗击“非典”期间,钟南山带领呼研所的医护人员就像一队尖兵,向病魔发起了一次次冲锋,救治每个重症病人就像战士炸碉堡攻城池。他们前仆后继,先后有26位医护人员倒下了,但全院没有一个人后退。有的治愈后又投入了战斗。当世界卫生组织的人询问钟南山,你们有没有医生离开,钟南山自豪地告诉对方:“一个也没有!”

དམིགས་བསལ་གློ་ཚད་ལ་འགོག་རྒོལ་བྱེད་རིང་། ཀྲུང་ནན་ཧྲན་གྱིས་དབུགས་ལམ་ཞིབ་འཇུག་ཁང་གི་སྨན་པ་དང་སྨན་ཞབས་པའི་སྣེ་ཁྲིད་དེ་གདོང་སྐྱོད་རུ་ཁག་ལྟར་ནད་དུག་ལ་གདོང་མཆོང་ཐེངས་མང་བྱས་པ་དང་། ནད་ལྕིའི་ནད་པར་སྲོག་སྐྱོབ་སྨན་བཅོས་བྱས་པ་འདི་དགྲ་བོའི་མཁར་རྫོང་ལ་ཕར་རྒོལ་བྱས་པ་འདྲ། དེའི་རིང་སྔ་གཞུག་ཏུ་སྨན་པ་དང་སྨན་ཞབས་པ་26འགྱེལ་ཡོད་མོད། འོན་ཀྱང་སྨན་ཁང་ཡོངས་སུ་ཕྱིར་འཐེན་བྱེད་མཁན་གཅིག་ཀྱང་མེད། ལ་ལ་དྲག་སྐྱེད་བྱུང་རྗེས་སླར་ཡང་འཐབ་འཛིང་ནང་ཞུགས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་མིས་ཀྲུང་ནན་ཧྲན་ལ་ཁྱེད་ཚོའི་སྨན་པ་ཕྱིར་འཐེན་བྱེད་མཁན་ཡོད་དམ་ཞེས་འདྲི་རྩད་བྱེད་སྐབས། ཀྲུང་ནན་ཧྲན་གྱིས་སྤོབས་པ་ཆེན་པོས་གཅིག་ཀྱང་མེད་ཅེས་གསུངས།

这一次同样也是如此,没有一个逃兵。钟南山对他们说:“你们是去最艰苦的地方、最前线的地方、最困难的地方、最容易受感染的地方进行战斗,我向你们致敬!我们等你们胜利回家!”他一直把他们送到车上。

ད་རེས་ཀྱང་དེ་དང་འདྲ་བར་བྲོས་དམག་གཅིག་ཀྱང་མེད། ཀྲུང་ནན་ཧྲན་གྱིས་ཁོང་ཚོར་ཁྱེད་ཚོ་ནི་དཀའ་ངལ་ཆེ་ཤོས་ཀྱི་ས་ཆ་དང་། གཡུལ་སའི་མདུན་ཤོས། དཀའ་ཚེགས་ཆེ་ཤོས་ཀྱི་ས་ཆ། ནད་ཡམས་འགོས་སླ་ཤོས་ཀྱི་ས་ཆར་བསྐྱོད་ནས་འཐབ་རྩོད་བྱེད་ཀྱི་ཡོད་པས་ངས་ཁྱེད་ཚོར་གུས་འདུད་ཞུ། ང་ཚོས་ཁྱོད་ཚོ་རྒྱལ་ཁའི་ངང་ལོག་པར་སྒུག་བསྡད་ཀྱི་ཡིན་ཞེས་གསུངས། ཁོང་གིས་ཁོང་ཚོ་རླངས་འཁོར་ནང་དུ་བསྐྱལ་བ་རེད།

随后,他参加了国家卫健委相关部门负责人、广东卫健委领导和专家举行的电视电话会议,根据近期的疫情救治工作和病毒研究成果,对新型冠状病毒的流行病学特点、临床表现、诊断标准和治疗方案进行讨论、优化和修正,为新冠肺炎临床救治工作提出指导意见。最后专家们将这些意见集中为三条,这三条意见迅速向全国参加抗疫的医护工作者传达。

དེ་རྗེས་ཁོང་རྒྱལ་ཁབ་འཕྲོད་བསྟེན་ཨུ་ལྷན་གྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་མི་སྣ་དང་ཀོང་ཏུང་འཕྲོད་བསྟེན་ཨུ་ལྷན་གྱི་འགོ་ཁྲིད། རིགས་གཅིག་མཁས་ཅན་བཅས་དང་བརྙན་འཕྲིན་ཁ་པར་ཚོགས་འདུར་ཞུགས་ནས་ཉེ་དུས་ཀྱི་ནད་ཡམས་སྐྱོབ་བཅོས་ལས་དོན་དང་ནད་དུག་ཞིབ་འཇུག་གྲུབ་འབྲས་ལ་གཞིགས་ཏེ་ཏོག་དབྱིབས་ནད་དུག་གསར་པའི་རིམས་ནད་རིག་པའི་ཁྱད་ཆོས་དང་། ནད་ཐོག་མངོན་ཚུལ། ནད་བརྟག་ཚད་གཞི། སྨན་བཅོས་ཇུས་གཞི་བཅས་ལ་གྲོས་བསྡུར་དང་ལེགས་སྒྲིག་དང་དག་བཅོས་བཅས་བྱས་ནས། ཏོག་གསར་གློ་ཚད་ཀྱི་ནད་ཐོག་སྐྱོབ་བཅོས་ལས་དོན་ལ་མཛུབ་ཁྲིད་བསམ་འཆར་བཏོན་པ་རེད། མཇུག་མཐར་ཆེད་མཁས་རྣམས་ཀྱིས་བསམ་འཆར་འདི་དག་དོན་ཚན་གསུམ་དུ་བསྡུས་ཏེ། བསམ་འཆར་འདི་གསུམ་པོ་མྱུར་དུ་རྒྱལ་ཡོངས་ཀྱི་ནད་ཡམས་འགོག་བཅོས་བྱེད་མཁན་གྱི་སྨན་པ་དང་སྨན་ཞབས་པར་བརྒྱུད་བསྒྲགས་བྱས།

同一天,钟南山院士团队和李兰娟院士团队分别从新冠肺炎患者的粪便中分离出病毒。钟南山对新冠肺炎是否会通过粪—口传播又接受了媒体采访……

དེ་ཉིན་ཡོན་ཧྲི་ཀྲུང་ནན་ཧྲན་གྱི་ཚོགས་པ་དང་ཡོན་ཧྲི་ལི་ལན་ཅོན་གྱི་ཚོགས་པ་སོ་སོས་ཏོག་གསར་གློ་ཚད་ཀྱི་ནད་པའི་སྐྱག་གཅིན་ཁྲོད་ནས་ནད་དུག་དབྱེ་འབྱེད་བྱས། ཀྲུང་ནན་ཧྲན་གྱིས་ཏོག་གསར་གློ་ཚད་དེ་སྐྱག་གཅིན་དང་ཁ་ལུད་སོགས་བརྒྱུད་ནས་མཆེད་ཚུལ་ཐད་ལ་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་བྱས།

冠状病毒形如皇冠,在微生物的世界里无影无形,藏在人的身体里,躲在空气中,四处皆暗藏杀机。它肆虐的速度就是人类高铁的速度、飞机的速度。人们惶恐、无助,盼望权威出现。网上有人把钟南山、李兰娟画成了一对守门神,取代了神荼、郁垒。甚至有谣传钟南山某晚连线央视直播节目,专题介绍当前疫情。钟南山不得不频频出镜,及时回应,为大众答疑解惑。他的出现给了众人信心,稳定了人们的紧张情绪。

ཏོག་དབྱིབས་ནད་དུག་གི་ཕྱི་དབྱིབས་ནི་གོང་མའི་དབང་ཞྭ་དང་འདྲ་ཞིང་། སྐྱེ་དངོས་ཕྲ་རབ་ཀྱི་འཇིག་རྟེན་དུ་གཟུགས་མེད་གྲིབ་མེད་ཡིན་པ་དང་། མིའི་ལུས་སྟེང་དུ་ཡོད་ལ། མཁའ་དབུགས་ཀྱི་ཁྲོད་དུ་ཡང་ཡོད་པས། གང་སར་ནད་དུག་འགོ་བའི་ཉེན་ཁ་ཡོད། དེ་མཆེད་པའི་མྱུར་ཚད་ནི་མིའི་རིགས་ཀྱི་མྱུར་བགྲོད་ལྕགས་ལམ་དང་གནམ་གྲུ་ལྟར་ཡིན། མི་རྣམས་དངངས་སྐྲག་དང་རོགས་རམ་མེད་པའི་སྐབས་སུ་དབང་གྲགས་ཅན་གྱི་ཆ་འཕྲིན་ཐོས་པའི་རེ་བ་བྱེད་བཞིན་ཡོད། དྲ་ཐོག་མི་ཞིག་གིས་ཀྲུང་ནན་ཧྲན་དང་ལི་ལན་ཅོན་གཉིས་ཀྲུང་གོའི་སྲོལ་རྒྱུན་སྒོ་ལྷ་གཉིས་ཀྱི་གཟུགས་བརྙན་དུ་བཀོད་པ་རེད། ཐ་ན་ཀྲུང་ནན་ཧྲན་གྱིས་དགོང་མོ་ག་གེ་མོ་ཞིག་ལ་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ཐད་གཏོང་ལེ་ཚན་དང་སྦྲེལ་མཐུད་བྱས་ནས་མིག་སྔའི་ནད་ཡམས་ཆེད་དོན་ངོ་སྤྲོད་བྱེད་པའི་དཀྲོག་གཏམ་བྱུང་། དེར་བརྟེན། ཀྲུང་ནན་ཧྲན་ཡང་ཡང་བརྙན་ལམ་དུ་ཐོན་ནས་དུས་ཐོག་ཏུ་ལན་སློག་སྟེ་མང་ཚོགས་ཀྱི་དོགས་གནད་སེལ་རོགས་བྱེད་ཀྱི་ཡོད། ཁོང་གིས་མི་རྣམས་ཀྱི་དངངས་འཚབ་ཀྱི་སེམས་ཁམས་ལྷོད་དུ་ཕབ་ལ་ནད་ཡམས་ལས་རྒྱལ་ཐུབ་པའི་ཡིད་ཆེས་ཀྱི་སེམས་ཤུགས་སྐྱེ་སྤྲད་ཡོད།

钟南山亲自示范脱口罩的正确方式,回答一个个问题,譬如:哪些症状必须到医院就诊检查;哪种情况可以在家隔离;群众自己可以做什么;患者没有发热症状时,怎么排查隐形的感染者或潜伏期患者;什么时候能够接种上新型冠状病毒疫苗;疫情的走势如何判断;疫情还要持续多长时间;预计什么时间疫情将达到高峰;返程春运拉开了序幕,对疫病防控会有什么影响;会不会出现大规模传染;返程人员应该采取什么防护措施……他的发声甚至影响到了股市的走势,很多炒股软件不放过他的每一句话。

ཀྲུང་ནན་ཧྲན་སྐུ་ངོ་མས་ཁ་རས་ཕུད་སྟངས་ཡང་དག་པ་དཔེ་སྟོན་བྱས་ཤིང་། དྲི་བ་རེ་རེར་ལན་བཏབ་པ་དཔེར་ན། ནད་རྟགས་གང་དག་ངེས་པར་དུ་སྨན་ཁང་དུ་ཕྱིན་ནས་བརྟག་དཔྱད་བྱ་དགོས་པ་དང་། གནས་ཚུལ་གང་འདྲ་ཞིག་བྱུང་ན་ཁྱིམ་དུ་ལོགས་སུ་བཀར་དགོས་པ། མང་ཚོགས་རང་ཉིད་ཀྱིས་ཅི་ཞིག་སྒྲུབ་ཐུབ་པ། ཚ་བ་རྒྱས་པའི་ནད་རྟགས་མེད་ཚེ་ནད་རྟགས་མི་མངོན་པའི་ནད་པ་དང་གབ་ཡུན་རིང་གྱི་ནད་པ་ཇི་ལྟར་རྩད་ཞིབ་བྱེད་དགོས་པ། ཏོག་གསར་ནད་དུག་གི་སྔོན་ཁབ་ག་དུས་རྒྱག་དགོས་པ། ནད་ཡམས་བྱུང་ཚུལ་ལ་བརྡར་ཤ་ཇི་ལྟར་གཅོད་དགོས་པ། ནད་ཡམས་ད་རུང་རྒྱུན་མཐུད་ག་ཚོད་བྱེད་སྲིད་པ། སྔོན་དཔག་ལྟར་ན་དུས་ཚོད་ནམ་ཞིག་ལ་ནད་ཡམས་ཀྱི་ཡང་རྩེར་སླེབས་སྲིད་པ། སྐྱེལ་འདྲེན་བྱེད་འགོ་ཚུགས་རྗེས་ནད་ཡམས་སྔོན་འགོག་ཚོད་འཛིན་ལ་ཤུགས་རྐྱེན་གང་ཞིག་ཐེབས་སྲིད་པ། ཁྱབ་རྒྱ་ཆེ་བའི་འགོས་ནད་འབྱུང་སྲིད་མིན། ཕྱིར་ལོག་མི་སྣས་འགོག་སྲུང་གི་བྱ་ཐབས་གང་ཞིག་སྤྱོད་དགོས་པ་སོགས་ལས་གསལ་འགྲེལ་གནང་། ཁོང་གི་གསུང་བཤད་ཀྱིས་ཐ་ན་མ་རྐང་ཚོང་རའི་འགྲོ་ཕྱོགས་ལ་ཤུགས་རྐྱེན་ཐེབས་ཡོད། མ་རྐང་ཁེ་འཚོང་མཉེན་ཆས་མང་པོས་ཁོང་གི་གསུང་བཤད་ཚིག་གཅིག་རྐྱང་མ་ལུས་པར་དབྱེ་ཞིབ་བྱེད་སྲིད།

这一切,对一位84岁的老人意味着什么?他这是在用生命战斗!他把人民的生命看得比自己的生命更加重要!为他着急的莫过于他的家人。妻子李少芬看到熬红了眼睛的他,既生气更心疼,却又无可奈何!她知道自己劝也劝不住,他这一辈子最在乎的就是病人。

དགུང་ལོ་84སོན་པའི་རྒས་པོ་ཞིག་གི་ངོས་ནས་ཁོང་གི་ཕྱག་ལས་ཀྱི་དོན་སྙིང་གང་ཡིན་ཞེ་ན། དེ་ནི་ཁོང་གིས་རང་སྲོག་བློས་བཏང་གིས་འཐབ་འཛིང་བྱས་པ་ཞིག་དང་། ཁོང་གིས་མི་དམངས་ཀྱི་ཚེ་སྲོག་དེ་རང་ཉིད་ཀྱི་ཚེ་སྲོག་ལས་ལྷག་པར་བརྩི་གི་ཡོད། ཁོང་ལ་སེམས་ཁྲལ་ཆེ་ཤོས་བྱེད་མཁན་ནི་ཁོང་གི་ཁྱིམ་མི་ཙམ་ཡིན། ཁོང་གི་སྐུ་ཟླ་ལི་ཧྲའོ་ཧྥེན་གྱིས་མིག་ཟུང་དམར་པོར་གྱུར་པའི་ཀྲུང་ནན་ཧྲན་མཐོང་སྐབས་ཁོང་ཁྲོ་དང་ཤ་ཚ་གཅིག་ཅར་དུ་སྐྱེས་རུང་། ཅི་བྱ་གཏོལ་མེད་དུ་གྱུར། ཁོ་མོས་ཁ་ཏ་བྱས་ཀྱང་ཕན་པ་མེད་པ་ཤེས་ཀྱི་ཡོད་དེ་ཀྲུང་ནན་ཧྲན་གྱི་ཚེ་འདིར་ཆེས་དོ་སྣང་བྱེད་ས་ནི་ནད་པ་ཡིན།

三、仁心乃本心

གསུམ། བྱམས་སེམས་ནི་བསམ་འདུན་ངོ་མའོ།

的确,作为医生,钟南山最牵挂的还是病人。死亡人数一天天上升,很快就突破了1000。钟南山寝食难安,他变得容易落泪,容易伤感。病人对他从来就不是一个数字,都是一个个鲜活的人,他怜惜他们,心痛他们。除了指导、提供专业意见、决策、科研攻关等工作之外,只要一有机会,他就要去救人。

 སྨན་པ་ཞིག་གི་ངོས་ནས་བཤད་ན་ཀྲུང་ནན་ཧྲན་གྱིས་སེམས་ཁྲལ་ཆེ་ཤོས་བྱེད་ས་ནི་ནད་པ་ཡིན། ཚེ་འདས་ནད་དཔེ་ཉིན་རེར་འཕར་ནས་དུས་ཐུང་ནང་མི་1000ལས་འགལ་ཡོད་པས། ཀྲུང་ནན་ཧྲན་ཟས་ལ་བཅུད་མེད་པ་དང་ཉལ་བའི་གཉིད་མེད་པར་གྱུར་ཅིང་། ཁོང་གིས་སེམས་སྡུག་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། ཁོང་གི་ངོས་ནས་བཤད་ན་ནད་པ་ནི་ཐོག་མ་ཉིད་ནས་གྲངས་ཀ་ཞིག་མ་ཡིན་པར། ཚང་མ་མི་གསོན་པོ་ཞིག་ཡིན་པས། ཁོང་གིས་ཁོ་ཚོར་སྙིང་རྗེ་དང་ཡ་ང་བྱེད་ཀྱི་ཡོད། ཆེད་ལས་ཀྱི་བསམ་འཆར་དང་ཇུས་འགོད་འདོན་སྤྲོད་དང་ཚན་ཞིབ་འགག་སྒྲོལ་སོགས་ཀྱི་ལས་ཀར་སློབ་སྟོན་བྱེད་པ་ཕུད། གོ་སྐབས་བྱུང་མ་ཐག་ཁོང་གིས་མི་སྐྱོབ་པར་འགྲོ་གི་ཡོད།

钟南山手机二十四小时开机,他并不喜欢用手机,为的是医院有什么请求,他可以及时赶到。一个求救电话打来,无论什么情况,他都不会耽搁。看到这么多同行病倒,他十分揪心。特别是他在武汉一线的学生,他每天都要了解他们的身体状况,询问隔离措施是否到位。有个学生给他发信息,说外面街巷的老百姓突然唱起了国歌,钟南山顿时热泪盈眶。他知道艰难时刻士气非常重要,大家的劲头上来了,有了一种精神,有了团结协作的力量,很多问题都能解决。

ཀྲུང་ནན་ཧྲན་གྱི་ཁ་པར་ཆུ་ཚོད་ཉེར་བཞི་ཚང་མར་ཁ་འབྱེད་ཀྱི་ཡོད། ཁོང་ཁ་པར་བེད་སྤྱོད་བྱེད་རྒྱུར་དགའ་པོ་མེད་རུང་། སྨན་ཁང་ལ་དགོས་མཁོ་ཡོད་ཚེ་ཁོང་གིས་དུས་ཐོག་ཏུ་སླེབས་ཐུབ། མྱུར་སྐྱོབ་ཁ་པར་འབྱོར་ཚེ། གནས་ཚུལ་ཅི་འདྲ་ཞིག་ཡིན་རུང་ཁོང་གིས་འགོར་འགྱངས་རྩ་བ་ནས་བྱེད་མི་སྲིད། ལས་རིགས་གཅིག་པའི་མི་མང་པོ་ནད་ཀྱིས་མནར་བ་མཐོང་དུས་ཁོང་ལ་སེམས་ཁྲལ་ཧ་ཅང་ཆེན་པོ་ཡོད། ལྷག་པར་དུ་ཝུའུ་ཧན་གྱི་འཐབ་ས་དང་པོར་ཡོད་པའི་སློབ་མ་ཚོ་སྟེ། ཁོང་གིས་ཉིན་ལྟར་ཁོ་ཚོའི་གཟུགས་པོའི་གནས་ཚུལ་ལ་རྒྱུས་ལོན་དང་། ལོགས་བཀར་བྱེད་ཐབས་གནད་ལ་འཁེལ་མིན་འདྲི་རྩད་བྱེད་ཀྱི་ཡོད། སློབ་མ་ཞིག་གིས་ཁོང་ལ་འཕྲིན་ཐུང་བསྐུར་ནས་ཕྱི་རོལ་གྱི་ཁྲོམ་གཞུང་གི་མི་སེར་ཚོས་གློ་བུར་དུ་རྒྱལ་གླུ་བླངས་པའི་སྐོར་བཤད། ཀྲུང་ནན་ཧྲན་གྱིས་མཐོང་མ་ཐག་མིག་ཆུ་དབང་མེད་དུ་ཤོར། ཁོང་གིས་དཀའ་ཚེགས་ཆེ་བའི་དུས་སྐབས་སུ་ངར་ཤུགས་ཧ་ཅང་གལ་ཆེན་ཡིན་པ་ཤེས་ཀྱི་ཡོད། ཚང་མའི་ངར་ཤུགས་འཕེལ་བ་དང་། སྙིང་སྟོབས་ཤིག་ཡོད་ཚེ། མཐུན་སྒྲིལ་མཉམ་ལས་ཀྱི་སྟོབས་ཤུགས་ཡོད་པས་གནད་དོན་མང་པོ་ཞིག་ཐག་གཅོད་བྱེད་ཐུབ་པ་ཤེས་ཀྱི་ཡོད།

抗“非典”时就是这样,即使最艰难的时刻,他们的士气也是高昂的。钟南山带头进入重症隔离监护室检查病人,亲自制订救治方案。有一次,一个呼吸衰竭的病人等待抢救,但呼吸机还在调式,情况紧急,钟南山将病人从车床推到抢救床上,他用简易人工气囊给病人做人工呼吸。这样做感染的风险非常高。许多医生就是因为做人工呼吸时被病人从气管喷射而出的血液和痰感染的。但是生死一刻,需要的就是这样的勇气!

དམིགས་བསལ་གློ་ཚད་འགོག་སྐབས་དེ་ལྟར་ཡིན་པ་སྟེ། དཀའ་ཚེགས་ཆེ་ཤོས་ཀྱི་དུས་སུ་ཁོ་ཚོའི་ངར་ཤུགས་ཀྱང་ཧ་ཅང་མཐོན་པོ་ཡོད། ཀྲུང་ནན་ཧྲན་གྱིས་ན་ཚ་ལྕི་བའི་ལོགས་བཀར་ལྟ་སྐྱོང་ཁང་དུ་བསྐྱོད་ནས་ནད་པར་བརྟག་དཔྱད་བྱས་ཏེ་ཁོང་ཉིད་ཀྱིས་སྲོག་སྐྱོབ་སྨན་བཅོས་ཀྱི་ཇུས་གཞི་བཟོས། ཐེངས་ཤིག་དབུགས་འབྱིན་རྔུབ་ཉམས་ཟད་འགྲོ་བའི་ནད་པ་ཞིག་མྱུར་སྐྱོབ་བྱེད་རན་རུང་། འབྱིན་རྔུབ་འཕྲུལ་ཆས་ད་དུང་སྙོམ་སྒྲིག་བྱེད་བཞིན་ཡོད་པ་དང་། གནས་ཚུལ་ཛ་དྲག་ཡིན་པས། ཀྲུང་ནན་ཧྲན་གྱིས་ནད་པ་འཁོར་སྟེགས་ནས་མྱུར་སྐྱོབ་མལ་ཁྲིའི་སྟེང་དུ་སྤོས་རྗེས་སྟབས་བདེའི་མི་བཟོས་དབུགས་སྣོད་ཀྱིས་ནད་པར་མི་ཐབས་འབྱིན་རྔུབ་བྱས། འདི་ལྟར་བྱས་ན་ནད་ཡམས་འགོ་བའི་ཉེན་ཁ་ཧ་ཅང་ཆེ། སྨན་པ་མང་པོ་ཞིག་ནི་མི་ཐབས་འབྱིན་རྔུབ་བྱེད་སྐབས་ནད་པས་གློ་ཡུ་ལས་འཕྱུར་བའི་ཁྲག་དང་ལུད་པ་ནས་ནད་ཡམས་འགོས་པ་རེད། འོན་ཀྱང་ཤི་གསོན་ལ་ཐུག་པའི་སྐབས་སུ་འདི་ལྟ་བུའི་སྙིང་སྟོབས་དགོས་པ་རེད།

对新冠肺炎患者,钟南山同样亲自进入重症隔离监护室进行救治。他领导的团队负责对武汉市定点医院重症患者进行救治巡诊,评估患者病情和治疗方案,确定需要转诊集中收治的患者,确保重症患者科学的救治办法。

ཏོག་གསར་གློ་ཚད་བྱུང་བའི་སྐབས་སུ། ཀྲུང་ནན་ཧྲན་གྱིས་ཀྱང་སྔོན་མ་བཞིན་ནད་ལྕིའི་ལོགས་བཀར་ལྟ་སྐྱོང་ཁང་དུ་བསྐྱོད་དེ་སྲོག་སྐྱོབ་སྨན་བཅོས་བྱས། ཁོང་གིས་འགོ་པའི་ཚོགས་པས་ཝུའུ་ཧན་གྲོང་ཁྱེར་གྱི་དམིགས་བཙུགས་སྨན་ཁང་གི་ནད་ལྕིའི་ནད་པར་སྲོག་སྐྱོབ་སྨན་བཅོས་དང་སྐོར་སྐྱོད་སྨན་བཅོས་བྱས་པ་དང་། ནད་པའི་ནད་གཞི་དང་སྨན་བཅོས་ཇུས་གཞིར་དཔྱད་དཔོག་བྱས་རྗེས། སྨན་ཁང་བརྗེས་ནས་གཅིག་སྡུད་སྨན་བཅོས་བྱེད་དགོས་པའི་ནད་པ་གཏན་འཁེལ་བྱས་ཏེ། ནད་ལྕིའི་ནད་པར་ཚན་རིག་དང་མཐུན་པའི་སྐྱོབ་བཅོས་བྱེད་པར་ཁག་ཐེག་བྱས་ཡོད།

一生与病人在一起,钟南山心里装的都是病人,哪怕出差在外,他也不忘给病人打电话,询问他们的身体状态。抗击“非典”时钟南山病倒了,肺部出现阴影。他以家为病房进行自我治疗。第三天高烧刚退他就出现在病房里。离开病人三天他就已经不能忍受。现在,在他家门框一角还有一颗长铁钉,那是他自己给自己打吊针时留下的。如今84岁高龄了,周一到周五他仍然天天工作到很晚,双休日则安排工作会议,从来没有休过假,也从来没有陪妻子旅游过。

ཚེ་གང་ནད་པ་དང་མཉམ་དུ་འགྲོགས་པར་བརྟེན། ཀྲུང་ནན་ཧྲན་གྱི་སེམས་ནང་ཡོད་པ་ནི་ནད་པ་རྐྱང་རྐྱང་ཡིན། གཞུང་དོན་སྒྲུབ་ཏུ་ཕྱིན་ནའང་ཁོང་གིས་ནད་པར་ཁ་པར་བརྒྱབ་ནས་ཁོ་ཚོའི་གཟུགས་པོའི་གནས་ཚུལ་འདྲི་རྒྱུ་བརྗེད་ཀྱི་མེད།དམིགས་བསལ་གློ་ཚད་ལ་འགོག་རྒོལ་བྱེད་སྐབས་ཀྲུང་ནན་ཧྲན་ནད་ཕོག་ནས་གློ་བར་གྲིབ་མ་ཐོན། ཁོང་གིས་ཁྱིམ་ལ་བསྡད་ནས་རང་གིས་རང་ལ་སྨན་བཅོས་བྱས། ཉིན་གསུམ་པར་ཚ་བ་འཇགས་རྗེས་ཁོང་ནད་ཁང་དུ་ཕྱིན་ནས་སླར་ཡང་དམག་འཐབ་ལ་ཞུགས། ཁོང་ཚོའི་ནང་གི་སྒོ་སྒྲོམ་གྱི་ཟུར་ཞིག་ཏུ་ད་རུང་ལྕགས་གཟེར་རིང་པོ་ཞིག་ཡོད། དེ་ནི་ཁོང་གིས་རང་ལ་སྨན་ཆུ་བླུགས་དུས་སྤྱོད་པའི་ལྕགས་གཟེར་རེད། ད་ཆ་དགུང་ལོ་84ལ་སླེབས་རུང་། ཁོང་གིས་གཟའ་ཟླ་བ་ནས་གཟའ་པ་སངས་བར་སྔར་བཞིན་ཉིན་ལྟར་ལས་ཀ་བྱེད་ཀྱི་ཡོད་པ་དང་། གཟའ་སྤེན་པ་དང་ཉི་མ་གཉིས་ཀྱི་ངལ་གསོའི་སྐབས་སུ་ལས་དོན་ཚོགས་འདུ་བཀོད་སྒྲིག་བྱེད་ཀྱི་ཡོད། གུང་སེང་བསྡད་མྱོང་མེད་ལ། སྐུ་ཟླ་དང་མཉམ་དུ་ཡུལ་སྐོར་ཡང་འགྲོ་མྱོང་མེད།

钟南山在病房查房时喜欢坐在病人身边细心听病人说话,拉着病人的手询问病情。有的病人身上散发出异味,有的病人病得很重,他都无所顾忌。在他看来病人并无贵贱。开专家门诊他总是提前半个小时到,一直看到晚上七八点,常常是妻子送饭来。他认为医生救人于痛苦危难之时,如果硬以上班八小时画一条线,那不是一个好医生。冬天的时候,他会先搓暖自己的手,怕冷手让病人不舒服。他的细心还表现在巡房时给过生日的病人送上生日祝福。钟南山人到哪里,哪里的病人就对自己治好病充满信心,哪里就变得轻松愉快。而他自己最开心的是病人治愈出院。他从病人的喜悦中找到了自己人生的价值和快乐。

ཀྲུང་ནན་ཧྲན་གྱིས་ནད་ཁང་དུ་བརྟག་དཔྱད་བྱེད་སྐབས་ནད་པའི་འཁྲིས་སུ་བསྡད་དེ་ནད་པའི་སྐད་ཆ་ཉན་རྒྱུར་དགའ་པོ་ཡོད་པ་དང་། ནད་པའི་ལག་པར་འཇུས་ནས་ན་ཚའི་སྐོར་འདྲི་གི་ཡོད། ནད་པ་ལ་ལའི་ལུས་སྟེང་དུ་དྲི་ངན་ཡོད་པ་དང་། ལ་ལར་ནད་གཞི་ལྗིད་མོ་ཕོག་ཡོད་རུང་། ཁོང་གིས་འཛེམ་དོགས་ཅི་ཡང་བྱེད་ཀྱི་མེད། ཁོང་གིས་བལྟས་ན་ནད་པར་མཆོག་དམན་མེད། ཆེད་མཁས་སྨན་དཔྱད་སྐབས་སུ་ཁོང་གིས་རྟག་ཏུ་ཆུ་ཚོད་ཕྱེད་ཀ་ཙམ་གྱི་སྔ་སྣུར་དུ་སླེབས་པ་དང་དགོང་མོའི་ཆུ་ཚོད་བདུན་བརྒྱད་ཙམ་བར་ནད་དཔྱད་གནང་གི་ཡོད་པས། རྟག་ཏུ་ཁོང་གི་སྐུ་ཟླས་ཁ་ལག་སྐྱེལ་བར་ཡོང་གི་ཡོད། ཁོང་གིས་བསམ་པར་སྨན་པས་ནད་པའི་སྲོག་སྐྱོབ་སྨན་བཅོས་བྱེད་སྐབས་དུས་ཡུན་ཆུ་ཚོད་བརྒྱད་ཁོ་ན་མ་གཏོགས་སྨན་བཅོས་མི་བྱེད་མཁན་ནི་སྨན་པ་བཟང་པོ་ཞིག་མིན་པར་བསམ་གྱི་ཡོད། དགུན་ཁའི་དུས་སུ། ཁོང་གིས་སྔོན་ལ་རང་གི་ལག་པ་ཚ་བོ་བཟོས་རྗེས་གཞི་ནས་ནད་པར་ནད་དཔྱད་བྱེད་ཀྱི་ཡོད། ཁོང་ཧ་ཅང་རུ་ངར་པོ་ཡོད། ཁོང་གིས་ནད་ཁང་ལ་སྐོར་སྐྱོད་བྱེད་སྐབས་སྐྱེས་སྐར་གཏོང་མཁན་གྱི་ནད་པར་སྐྱེས་སྐར་གྱི་རྟེན་འབྲེལ་ཞུ་ཡི་ཡོད། སྨན་ཁང་གང་དང་ནད་པ་གང་ཞིག་ཡིན་རུང་། ཀྲུང་ནན་ཧྲན་སླེབས་མ་ཐག་ཡིད་ཆེས་ཇེ་ཆེར་འགྲོ་སྲིད། ཁོང་གི་སྤྲོ་སྣང་ཆེ་ཤོས་ནི་ནད་པ་དྲག་སྐྱེད་བྱུང་བ་དེ་རེད། ཁོང་གིས་ནད་པའི་སྤྲོ་སྣང་ཁྲོད་ནས་རང་ཉིད་ཀྱི་མི་ཚེའི་རིན་ཐང་དང་སྤྲོ་སྣང་བཙལ་གྱི་ཡོད།

四、敢医敢言是天性

བཞི། སྨན་བཅོས་བྱེད་ཕོད་པ་དང་བཤད་ཕོད་པ་ནི་རང་གཤིས་ཡིན།

钟南山还有一张网传很广的照片,是他接受新华社记者采访的视频截图。他讲到武汉人唱国歌,相信武汉能够过关,武汉是一座英雄的城市时,两眼噙泪,嘴唇紧紧抿成一道弧线。“非典”时期最艰难的时候,他都没有在公众面前流过眼泪。这张照片把他刚毅与深情的一面展露无遗。

དྲ་ཐོག་ཏུ་རྒྱ་ཁྱབ་ཏུ་སྤེལ་བའི་ཀྲུང་ནན་ཧྲན་གྱི་པར་ཞིག་ཡོད་པ་དེ་ནི་ཁོང་གིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་ཀྱི་པར་ཞིག་ཡིན། ཁོང་གིས་ཝུའུ་ཧན་མིས་རྒྱལ་གླུ་བླངས་ཚུལ་དང་ཝུའུ་ཧན་གྱིས་ནད་ཡམས་ལས་ཐར་ཐུབ་པའི་ཡིད་ཆེས་ཡོད་ཚུལ་སོགས་གླེང་སྐབས། མིག་གཉིས་མིག་ཆུས་ཁེངས་ཡོད།དམིགས་བསལ་གློ་ཚད་སྐབས་སུ་ཁོང་གིས་མང་ཚོགས་མདུན་དུ་མིག་ཆུ་གཏོང་མྱོང་མེད། འདྲ་པར་འདིས་ཁོང་གི་བློ་རྩ་བརྟན་པོ་དང་བརྩེ་དུང་ཟབ་མོ་གསལ་པོར་མངོན་ཐུབ།

武汉感染人数呈爆炸式增长,从几十人到数千人数万人,有限的医疗设施接收不了这么多病人,人们向着医院蜂拥而来,挤满了各家医院的大厅,一床难求,出现了“堰塞湖”。中央第一时间下令开建火神山、雷神山医院。前者只用了10天,后者用了13天就建好了。接着增加十几个方舱医院、扩张几十家医院和定点医疗点……

ཝུའུ་ཧན་དུ་ནད་དུག་འགོས་པའི་མི་གྲངས་འཕར་སྣོན་ཤུགས་ཆེན་བྱུང་སྟེ། ཐོག་མའི་མི་བཅུ་ཕྲག་ཁ་ཤས་ནས་སྟོང་ཕྲག་ཁ་ཤས་བར་འཕར་སྣོན་བྱུང་། ཚད་ཡོད་ཀྱི་སྨན་བཅོས་སྒྲིག་བཀོད་ཀྱིས་ནད་པ་མང་པོ་དེ་འདྲ་བསྡུ་ལེན་བྱེད་མི་ཐུབ་པས། མི་རྣམས་སྨན་ཁང་ལ་རུབ་པས་སྨན་ཁང་ཁག་གི་ཚོམས་ཆེན་མིས་ཁེངས་པ་མ་ཟད། ནད་ཁང་ཉལ་ཁྲི་ཧ་ཅང་དཀོན་པོར་གྱུར། ཀྲུང་དབྱང་གིས་འཕྲལ་མ་ཉིད་དུ་ཧོ་ཧྲེན་ཧྲན་སྨན་ཁང་དང་ལེ་ཧྲེན་ཧྲན་སྨན་ཁང་འཛུགས་དགོས་པའི་བཀའ་ཕབ། ཧོ་ཧྲེན་ཧྲན་སྨན་ཁང་བསྐྲུན་པར་ཉིན་བཅུ་ལས་འགོར་མེད་པ་དང་། ལེ་ཧྲེན་ཧྲན་སྨན་ཁང་བསྐྲུན་པར་ཉིན་བཅུ་གསུམ་ལས་འགོར་མེད། དེ་རྗེས་སྒྲོམ་ཚང་སྨན་ཁང་བཅུ་ལྷག་ཙམ་བསྐྲུན་པ་དང་། སྨན་ཁང་དང་དམིགས་བཙུགས་སྨན་བཅོས་ས་ཚིགས་བཅུ་ཕྲག་འགའ་ཤས་རྒྱ་སྐྱེད་བཏང་བ་རེད།

钟南山知道疑似和已经确诊的患者不能住进医院,回家自行隔离,这种行为有多么危险。对一个心中时刻装着病人的医生来说,他心里无比沉痛,忍不住落下眼泪。

ཀྲུང་ནན་ཧྲན་གྱིས་དོགས་ཡོད་ནད་པ་དང་གཏན་འཁེལ་བྱུང་བའི་ནད་པ་སྨན་ཁང་དུ་སྨན་བཅོས་བྱེད་མི་ཐུབ་པར་རང་དགར་ཁྱིམ་དུ་ལོགས་བཀར་བྱས་ན་ཉེན་ཁ་ཧ་ཅང་ཆེན་པོ་ཡོད་པ་ཤེས་ཀྱི་ཡོད། ཐོག་མཐའ་བར་གསུམ་དུ་ནད་པ་སེམས་ནང་དུ་བཅངས་བའི་སྨན་པ་ཞིག་གི་ངོས་ནས་ཁོང་རང་སེམས་སྡུག་ཧ་ཅང་ཆེ་བ་དང་མིག་ཆུ་ཡང་དབང་མེད་དུ་ཤོར་གྱི་ཡོད།

所谓医者仁心,医者乃学者,需要以严谨坚毅的意志去攀登医学高峰,而仁心则需要一颗慈爱之心。钟南山就是二者完美的结合。他的性格似乎是双重的对立统一,智慧与拙朴,硬朗与宽厚,坚毅与脆弱,不屈与妥协,严谨与随和,铁面与柔情……前者更多表露在他那张坚毅的面庞上,后者却深藏于内心。

    སྨན་པ་ཞིག་ཡིན་ཕྱིན་བྱམས་སེམས་ལྡན་དགོས། སྨན་པས་གཟབ་ནན་འགྱུར་མེད་ཀྱི་སྙིང་སྟོབས་ལ་བརྟེན་ནས་གསོ་བ་རིག་པའི་ཡང་རྩེར་འཛེགས་དགོས། ཀྲུང་ནན་ཧྲན་ནི་བྱམས་སེམས་ལྡན་པའི་སྨན་པ་ཞིག་ཡིན། ཁོང་གི་གཤིས་ཀ་ནི་འགལ་ཟླ་གཅིག་འདུ་བྱས་པ་ལྟར། བློ་གྲོས་དང་བག་ཁུམ། སྲ་བརྟན་དང་ཁོག་ཡངས། བློ་བརྟན་དང་གཉོམ་ཆུང་། གཟབ་ནན་དང་གཤིས་འཇམ་སོགས་གཅིག་ཏུ་འདྲེས་ཡོད། གཤིས་ཀ་སྔོན་མ་དེ་ཁོང་གི་སྲ་ཞིང་བརྟན་པའི་ངོ་གདོང་ཐོག་ནས་མངོན་པ་དང་། ཕྱི་མ་དེ་སྙིང་དབུས་སུ་སྦས་ཡོད།

钟南山是岭南知识分子最典型的代表,对人和生命有着最纯朴的理解,对事业和生活有着最单纯的热爱与赤诚。岭南多耿介之士,因为这片土地积满了务实的精神。

ཀྲུང་ནན་ཧྲན་ནི་ཀོང་ཏུང་ཤེས་ཡོན་ཅན་གྱི་དཔེ་མཚོན་ནང་གི་དཔེ་མཚོན་ཡིན་ཞིང་། མི་དང་ཚེ་སྲོག་ལ་ཆེས་བབ་ཆགས་ཀྱི་བསམ་ཤེས་ཡོད་པ་དང་། བྱ་གཞག་དང་འཚོ་བར་ཆེས་ལྷད་མེད་ཀྱི་དགའ་ཞེན་དང་ལྷག་བསམ་ཡོད། ཀོང་ཏུང་ལ་གཞུང་དྲང་བའི་སྐྱེས་བུ་མང་པོ་ཡོད། གང་ཡིན་ཞེ་ན། ས་གཞི་འདིར་དམ་པ་དོན་གཉེར་གྱི་སྙིང་སྟོབས་ཀྱིས་ཁེངས་ཡོད།

钟南山的家安在一栋外墙水泥粉刷的旧房改造房中,连电梯都是后来加装的。室内是20世纪的老式家具,天花板悬挂吊扇,墙上挂满镜框。屋主对物质生活的淡泊可见一斑。钟家人聚在一起,谈的是医疗,讲的是学术追求,从来不谈钱。钟南山连自己的工资是多少也不知道。

ཀྲུང་ནན་ཧྲན་གྱི་ཁྱིམ་ནི་གྱང་ཕྱིར་ཨར་འདམ་དཀར་རྩི་བྱུགས་པའི་ཁང་རྙིང་ལེགས་བཅོས་བྱས་པ་ཞིག་ནང་ཡོད་པ་དང་། གློག་སྐས་ཀྱང་ཕྱིས་སུ་སྒྲིག་སྦྱོར་བྱས་པ་ཞིག་རེད། ཁྱིམ་ཆས་ནི་དུས་རབས་20པའི་ཁྱིམ་ཆས་རྙིང་པ་ཡིན་པ་ལས་ཁང་བདག་གིས་དངོས་པོའི་འཚོ་བར་སྣང་ཆེན་མེད་པ་མཐོང་ཐུབ། ཁོང་གི་ཁྱིམ་མི་མཉམ་འཛོམས་བྱེད་སྐབས་སྨན་བཅོས་སྐོར་གླེང་བ་དང་རིག་གཞུང་དོན་གཉེར་སྐོར་གླེང་བ་ལས་རྒྱུ་དངུལ་གྱི་སྐོར་གླེང་མྱོང་མེད། ཀྲུང་ནན་ཧྲན་གྱིས་ཐ་ན་རང་ཉིད་ལ་གླ་ཕོགས་ག་ཚོད་ཡོད་མེད་ཀྱང་མི་ཤེས།

他教导子女,第一要永远有执着的追求,第二是办事要严谨要实在。看事情或者做研究,要有事实根据,不轻易下结论,要相信自己的观察。他一生记住的是父亲对他的期望——一个人对社会要有所贡献,不能白活。这句话成了他们家庭的人生信仰。

ཁོང་གིས་བུ་ཕྲུག་ལ་སློབ་སྟོན་གནང་བར། ནམ་ཡང་འགྱུར་བ་མེད་པའི་བརྩོན་ལེན་བྱེད་དགོས་པ་དང་བྱ་བ་སྒྲུབ་སྐབས་གཟབ་ནན་ཏན་ཏིག་བྱེད་དགོས། བྱ་བ་སྒྲུབ་པའམ་ཞིབ་འཇུག་བྱེད་སྐབས་དོན་དངོས་ཀྱི་གཞི་འཛིན་ས་ཡོད་དགོས་པ་ལས་རང་དགར་ཚིག་ཐག་བཅད་མི་རུང་། རང་ཉིད་ཀྱི་རྟོག་ཞིབ་ལ་ཡིད་ཆེས་བྱེད་དགོས། ཁོང་གི་ཚེ་གང་ཡིད་ལ་ངེས་པ་ནི་ཨ་ཕས་ཁོང་ལ་བཅངས་པའི་རེ་བ་ཡིན་པ་སྟེ། མི་ཞིག་གིས་སྤྱི་ཚོགས་ལ་བྱས་རྗེས་འཇོག་དགོས་པ་ལས། མི་ཚེ་སྟོང་ཟད་དུ་གཏོང་རྒྱུ་མེད། སྐད་ཆ་འདི་ཁོ་ཚོའི་ཁྱིམ་རྒྱུད་ཀྱི་མི་ཚེའི་དད་མོས་སུ་གྱུར།

80岁后,他觉得自己慢慢懂得了父亲,觉得自己初步实现了父亲的愿望。但他还不满足,还有工作没有完成。他心里藏着两件事,只有这两件事做好了,才是真正地达到了父亲的要求。

དགུང་ལོ་80ལ་སླེབས་རྗེས། ཁོང་གིས་གཞི་ནས་ཨ་ཕར་རྒྱུས་ལོན་བྱུང་བ་དང་། ཨ་ཕའི་བསམ་འདུན་རགས་ཙམ་མངོན་འགྱུར་བྱུང་ཡོད་པར་སྙམ། འོན་ཀྱང་ཁོང་ཡིད་མི་ཚིམ་ཞིང་། ད་དུང་ལས་ཀ་འགའ་ལེགས་གྲུབ་བྱུང་མེད། ཁོའི་སེམས་སུ་བྱ་བ་གཉིས་ཡོད་པ་དང་། དེ་གཉིས་ལེགས་པར་བསྒྲུབས་ན་ད་གཟོད་ཨ་ཕའི་རེ་བ་དངོས་སུ་གྲུབ་པ་རེད།

钟南山的家有两个突出点:一是运动器具多,有跑步机、单车、拉力器、单杠、哑铃;二是书多。这充分体现了钟南山的两大爱好——医学和体育。这两者也成了他的家庭最显著的特点:一是医生世家,父亲是儿科专家,母亲是高级护理师,他们都曾赴美深造。儿子子承父业,当上了主任医师、博士生导师。二是体育之家,妻子曾是篮球明星,担任过中国篮球协会副主席,在1963年亚洲太平洋新兴国家运动会上,作为中国女篮副队长,随中国队出征。女儿是优秀的蝶泳运动员,曾打破过短池游泳的世界记录,获得世界短池锦标赛100米蝶泳冠军。儿子也是医院篮球队的“中流砥柱”。钟南山本人则在首届全运会上以54.4秒的成绩打破400米栏的全国记录,一举夺冠!1961年,他还获得了北京市十项全能亚军。钟南山高龄之身抗击疫情的毅力与体力都能从这里找到答案。他奔走各地之间,两脚仍然生风。

ཀྲུང་ནན་ཧྲན་གྱི་ཁྱིམ་ལ་ཁྱད་ཆོས་གཉིས་ཡོད་པ་སྟེ། གཅིག་ནི་ལུས་རྩལ་ཡོ་བྱད་མང་པོ་ཡོད་པ་སྟེ། རྒྱུག་རྩལ་འཕྲུལ་ཆས་དང་། རྐང་འཁོར། ཤེད་འཐེན་ཡོ་བྱད། རྐྱང་གདང་། ཤེད་སྦྱོང་ལྕགས་རིལ་སོགས་ཡོད་པ་དང་། གཉིས་ནི་དཔེ་ཆ་མང་པོ་ཡོད། འདིས་ཀྲུང་ནན་ཧྲན་གྱི་དགའ་ཞེན་གཉིས་ཏེ་གསོ་རིག་དང་ལུས་རྩལ་མཚོན་ཡོད། དེ་གཉིས་ཀྱང་ཁོང་ཚང་གི་ཁྱད་ཆོས་མངོན་གསལ་དོད་ཤོས་ཤིག་ཏུ་གྱུར་ཡོད། གཅིག་ནི་སྨན་པའི་ཁྱིམ་རྒྱུད་ཡིན་པ་སྟེ། ཨ་ཕ་ནི་བྱིས་ནད་ཚན་ཁག་གི་མཁས་པ་དང་། ཨ་མ་ནི་མཐོ་རིམ་སྨན་ཞབས་དགེ་རྒན་ཡིན་ཞིང་། ཁོང་ཚོ་ཚང་མ་ཨ་རིར་ཕྱིན་ནས་ཟབ་སྦྱོང་བྱེད་མྱོང་ཡོད། བུ་ཡིས་ཕ་ཤུལ་རྒྱུན་འཛིན་བྱས་ནས་སྨན་པ་འབུམ་རམས་པ་དང་འབུམ་རམས་པའི་སློབ་དཔོན་ཡིན། གཉིས་ནི་ལུས་རྩལ་གྱི་ཁྱིམ་ཚང་ཡིན་པ་སྟེ། སྐུ་ཟླ་ནི་དེ་སྔ་ལག་རྩེད་སྤོ་ལོའི་གྲགས་ཅན་མི་སྣ་ཡིན་པ་མ་ཟད། ཀྲུང་གོའི་ལག་རྩེད་སྤོ་ལོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའི་འགན་འཁུར་མྱོང་ཡོད། 1963ལོར་ཨེ་ཤེ་ཡ་ཞི་བདེ་རྒྱ་མཚོ་ཆེ་མོའི་གསར་དར་རྒྱལ་ཁབ་ཀྱི་ལུས་རྩལ་འགྲན་ཚོགས་ཐོག་ཀྲུང་གོའི་བུད་མེད་ལག་རྩེད་སྤོ་ལོའི་རུ་དཔོན་གཞོན་པ་ཡིན་པས། ཀྲུང་གོའི་རུ་ཁག་དང་མཉམ་དུ་ཞུགས་མྱོང་ཡོད། བུ་མོ་ནི་ཕུལ་དུ་བྱུང་བའི་ཕྱེ་ལེབ་ཆུ་རྐྱལ་ལུས་རྩལ་པ་ཞིག་ཡིན་པ་དང་། སྔོན་ཆད་རྫིང་བུ་ཐུང་བའི་ཆུ་རྐྱལ་གྱི་འཛམ་གླིང་ཟིན་ཐོ་ལས་བརྒལ་ནས་འཛམ་གླིང་གི་རྫིང་བུ་ཐུང་བའི་གཟེངས་རྟགས་འགྲན་བསྡུར་གྱི་སྨི་100ཡི་ཕྱེ་ལེབ་ཆུ་རྐྱལ་གྱི་ཨང་དང་པོ་ཐོབ། བུ་ཡང་སྨན་ཁང་གི་ལག་རྩེད་སྤོ་ལོ་རུ་ཁག་གི་སྲོག་ཤིང་ལྟ་བུ་ཡིན། ཀྲུང་ནན་ཧྲན་གྱིས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་དང་པོར་སྐར་ཆ་54.4ཡི་གྲུབ་འབྲས་ཐོག་ནས་སྨི་400ཡི་རྡང་མཆོང་རྒྱུག་འགྲན་གྱི་རྒྱལ་ཡོངས་ཟིན་ཐོ་ལས་བརྒལ་ཏེ་ཨང་དང་པོ་བླངས་ཤིང་། 1961ལོར་ཁོང་ལ་ད་དུང་པེ་ཅིན་གྲོང་ཁྱེར་གྱི་ལས་རྩལ་རྣམས་གྲངས་བཅུ་ཡི་ཀུན་ནུས་འགྲན་སྡུར་གྱི་ཨང་གཉིས་པ་ཐོབ། ཀྲུང་ནན་ཧྲན་ལོ་ན་མཐོ་ཡང་ནད་ཡམས་ལ་འགོག་རྒོལ་བྱེད་པའི་སྙིང་རུས་དང་ལུས་ཤུགས་ཐད་ཀྱི་དྲིས་ལན་ཚང་མ་འདི་ནས་རྙེད་ཐུབ། ཁོང་གིས་ས་ཆ་གང་སར་ཕྱིན་རུང་། རྐང་པ་གཉིས་སྔར་བཞིན་བདེ་པོ་ཡོད།

钟家墙壁上挂着一幅字:“敢医敢言”。这是四年前别人送他的。这四个字无疑道出了屋主人的风骨。他的敢医敢言就是天性,是“一个人要说真话,做实事”的钟南山用一生践行的家风。他推崇讲真话。科学追求真理,如果连讲真话都做不到,谈何真理。对待科学,钟南山那股岭南人的耿介劲就像一头蛮牛——他只认真理不认权威。

ཀྲུང་ནན་ཧྲན་ཁྱིམ་གྱི་གྱང་ངོས་སུ་སྨན་བཅོས་བྱེད་ཕོད་པ་དང་སྐད་ཆ་བཤད་ཕོད་པ་敢医敢言ཞེས་པའི་ཡི་གེ་ཞིག་བཀལ་ཡོད། འདི་ནི་ལོ་བཞིའི་སྔོན་ལ་མི་གཞན་གྱིས་ཁོང་ལ་ཕུལ་བ་ཞིག་ཡིན། ཡི་གེ་བཞི་པོ་འདིས་ཁང་པའི་བདག་པོའི་ཁྱད་ཆོས་མཚོན་ཡོད་པ་གདོན་མི་ཟ། ཁོང་གི་སྨན་བཅོས་བྱེད་ཕོད་པ་དང་སྐད་ཆ་བཤད་ཕོད་པ་ནི་རང་གཤིས་ཡིན་པ་དང་།མི་ཞིག་གིས་སྐད་ཆ་དྲང་པོ་ཤོད་པ་དང་བྱ་བ་དངོས་སྒྲུབ་དགོས་ཞེས་པ་ནི་ཀྲུང་ནན་ཧྲན་གྱིས་ཚེ་གང་ལག་ལེན་བསྟར་བའི་ཁྱིམ་སྲོལ་ཞིག་རེད། ཁོང་གིས་དྲང་གཏམ་བཤད་པར་གོང་བཀུར་བྱེད་ཀྱི་ཡོད། ཚན་རིག་དང་མཐུན་པའི་སྒོ་ནས་བདེན་དོན་བརྩོན་ལེན་བྱེད་པ་དང་། གལ་ཏེ་སྐད་ཆ་དྲང་པོ་ཡང་བཤད་མི་ཐུབ་ན་བདེན་དོན་ཇི་ལྟར་བརྩོན་ལེན་བྱེད་ཐུབ། ཚན་རིག་ཐད་ཀྲུང་ནན་ཧྲན་གྱིས་བདེན་དོན་ལ་བརྩི་བ་ལས་དབང་གྲགས་ལ་བརྩི་གི་མེད།

早年留学英国,他挑战英国医学权威牛津大学雷德克里夫医院克尔教授。钟南山在爱丁堡研究人工呼吸对肺部氧气运输影响时,发现他的实验结果与克尔教授论文的结论完全相反。钟南山毫不犹豫提笔写出了论文。有人说他胆大狂妄。在剑桥学术会议上,专家们被这个中国年轻人的发言惊呆了!先是一阵沉默,继而变为骚动。克尔教授的三个高级助手连珠炮一样提出了八个问题,钟南山一一做了回答。

གཞོན་དུས་དབྱིན་ཇིར་སློབ་སྦྱོང་བྱེད་སྐབས་དབྱིན་ཇིའི་གསོ་རིག་མཁས་དབང་ཏེ་ཉིའུ་ཅིན་སློབ་གྲྭ་ཆེ་མོའི་ལུའེ་ཏེ་ཁེ་ལི་ཕུའུ་སྨན་ཁང་གི་དགེ་རྒན་ཆེ་མོ་ཁེ་ཨར་ལ་འགྲན་སློང་བྱས་མྱོང་ཡོད། ཀྲུང་ནན་ཧྲན་གྱིས་ཨའེ་ཏིང་པའོ་རུ་མི་ཐབས་འབྱིན་རྔུབ་ཀྱིས་གློ་བའི་དབྱང་རླུང་སྐྱེལ་འདྲེན་ལ་ཤུགས་རྐྱེན་ཐེབས་ཚུལ་ཐད་ཞིབ་འཇུག་བྱེད་དུས། ཁོང་གི་ཚོད་ལྟའི་འབྲས་བུ་དེ་དགེ་རྒན་ཆེ་མོ་བ་ཁེ་ཨར་ཀྱི་དཔྱད་རྩོམ་བསྡོམས་ཚིག་དང་རྦད་དེ་རྒྱབ་འགལ་ཡིན་པ་ཤེས། ཀྲུང་ནན་ཧྲན་གྱིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་དཔྱད་རྩོམ་བྲིས། མི་ཞིག་གིས་ཁོང་སྤོབས་སེམས་ཆེན་པོ་འདུག་ཟེར། ཅན་ཆའོ་རིག་གཞུང་ཚོགས་འདུའི་ཐོག་རིགས་གཅིག་མཁས་ཅན་ཚོ་ཀྲུང་གོའི་གཞོན་ནུ་དེའི་གཏམ་བཤད་ཀྱིས་ཧང་སངས་པར་གྱུར། སྔོན་ལ་ཁ་རོག་ཏུ་ཕྲན་ཙམ་བསྡད་རྗེས་ཚོགས་ཁང་སྐད་ཅོར་གྱིས་ཁེངས། དགེ་རྒན་ཆེན་མོ་ཁེ་ཨར་ཀྱི་མཐོ་རིམ་ལས་རོགས་གསུམ་གྱིས་དྲི་བ་བརྒྱད་བསྟུད་མར་དྲིས་རུང་། ཀྲུང་ནན་ཧྲན་གྱིས་རེ་རེ་བཞིན་ལན་བཏབ།

按会议规定,钟南山论文是否发表要参会的常委举手表决。举手的时候,全场安静了下来,可谓鸦雀无声。接着,常委们一个一个举起了手。在科学面前他们的手举得高高的,一个也不少。

ཚོགས་འདུའི་གཏན་འབེབས་ལྟར་ན། ཀྲུང་ནན་ཧྲན་གྱི་དཔྱད་རྩོམ་ཁྱབ་བསྒྲགས་བྱེད་མིན་ཐད་ཚོགས་ཞུགས་རྒྱུན་ལས་ཨུ་ཡོན་གྱིས་ལག་པ་བཀྱག་ནས་བརྡས་ཐག་གཅོད་དགོས། ལག་པ་བཀྱགས་དུས། ཚོགས་ར་ཡོངས་ཁུ་སིམ་མིར་གྱུར། དེ་རྗེས་རྒྱུན་ལས་ཨུ་ཡོན་རྣམས་ཀྱིས་ལག་པ་རེ་རེ་བཞིན་ཡར་བཀྱགས། ཚན་རིག་གི་མདུན་དུ་ཁོང་ཚོ་ཚང་མས་ལག་པ་མཐོན་པོར་བཀྱགས་ནས་མོས་མཐུན་བྱས་པ་རེད།

当年“非典”的一场新闻发布会上,有人宣称疫情已经得到了有效控制。钟南山当场开炮:“什么叫控制?现在病源不知道,怎么预防不清楚,怎么治疗也还没有很好的办法,特别是不知道病源!现在病情还在传染,怎么能说是有效控制了?”

དེ་སྔ་དམིགས་བསལ་གློ་ཚད་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་མི་འགའ་ཞིག་གིས་ནད་ཡམས་ཚོད་འཛིན་ནུས་ལྡན་ཐུབ་ཡོད་ཅེས་བཤད། ཀྲུང་ནན་ཧྲན་གྱིས་ཅི་ཞིག་ལ་ཚོད་འཛིན་ཟེར། ད་ལྟ་ནད་ཁུངས་གང་ཡིན་མི་ཤེས་པ་དང་། སྔོན་འགོག་ཅི་ལྟར་བྱེད་དགོས་པ་ཡང་མི་ཤེས། སྨན་བཅོས་ཐད་ད་དུང་བྱེད་ཐབས་ཡག་པོ་ཞིག་མེད། ལྷག་པར་དུ་ནད་ཁུངས་གང་ཡིན་མི་ཤེས་པ་མ་ཟད། ད་རུང་ནད་ཡམས་འགོས་ཀྱིན་ཡོད་པས་ཚོད་འཛིན་ནུས་ལྡན་ཐུབ་ཡོད་ཅེས་བཤད་ཆོག་གམ་ཞེས་རང་སར་རྒོལ་ལན་བསློགས་པ་རེད།

为了抗“疫”救人,钟南山又跟某些“权威”叫板。北京某些权威专家通过中央电视台、新华社正式发布结论:“引起广东部分地区非典型性肺炎的病原基本可确定为衣原体。”甚至有专家说,对付衣原体很简单,用针对衣原体有效的抗生素就可以了。

ནད་ཡམས་འགོག་ནས་མི་སྲོག་སྐྱོབ་ཆེད་དུ། ཀྲུང་ནན་ཧྲན་གྱིས་དབང་གྲགས་ཁ་ཤས་ལ་འགྲན་སློང་བྱས། པེ་ཅིང་གི་དབང་གྲགས་ལྡན་པའི་རིགས་གཅིག་མཁས་ཅན་ཁག་གཅིག་གིས་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་དང་ཤིན་ཧྭ་གསར་འགྱུར་ཁང་བརྒྱུད་ནས་སྡོམ་ཚིག་དངོས་སུ་ཁྱབ་བསྒྲགས་བྱས་དོན།ཀོང་ཏུང་གི་ས་ཁུལ་ཁག་གཅིག་ཏུ་བྱུང་བའི་དམིགས་བསལ་གློ་ཚད་ཀྱི་ནད་རྐྱེན་ནི་ཕུང་རྟེན་གཟུགས་ཡིན་པ་གཞི་རྩའི་ཆ་ནས་གཏན་འཁེལ་བྱས་ཆོག་ཅེས་དང་། ཐ་ན་རིགས་གཅིག་མཁས་ཅན་འགའ་ཡིས་དུག་སྲིན་འགོག་སྨན་བཀོལ་ན་ཕུང་རྟེན་གཟུགས་འགོག་བཅོས་ནུས་ལྡན་བྱེད་ཐུབ་ཅེས་བཤད།

权威部门的结论让广东的专家震惊了!按他们的结论,推荐特效药四环素、红霉素类抗生素就可以了,但如果是错的,那许许多多的人将付出生命的代价!在广东省卫生厅召集的紧急会议上,钟南山又站了出来,他不认为是衣原体,衣原体只是最终导致病人致死的原因之一,而主要病因可能是一种新型病毒。他的观点随后被广东省卫生厅采纳,成为抗击“非典”的重要分水岭。

དབང་གྲགས་སྡེ་ཁག་གི་སྡོམ་ཚིག་ལ་ཀོང་ཏུང་གི་རིགས་གཅིག་མཁས་ཅན་རྣམས་ཧ་ལས་པར་གྱུར། ཁོ་ཚོའི་སྡོམ་ཚིག་ལྟར་ན། ཕན་ནུས་ཆེ་བའི་སྨན་སི་ཧོན་སུའུ་དང་ཧུང་མེ་སུའུ་རིགས་ཀྱི་སྲིན་འགོག་སྨན་འོས་སྦྱོར་བྱས་ན་ཆོག འོན་ཀྱང་གལ་ཏེ་ནོར་འཛོལ་ཤོར་ན་མི་མང་པོའི་ཚེ་སྲོག་ཤོར་སྲིད། ཀོང་ཏུང་ཞིང་ཆེན་འཕྲོད་བསྟེན་ཐིང་གིས་སྐོང་འཚོག་བྱས་པའི་ཛ་དྲག་གི་ཚོགས་འདུའི་ཐོག་ཀྲུང་ནན་ཧྲན་གྱིས་དམིགས་བསལ་གློ་ཚད་ཀྱི་ནད་རྐྱེན་ནི་ཕུང་རྟེན་གཟུགས་ཡིན་པར་མོས་མཐུན་བྱས་མེད། ཕུང་རྟེན་གཟུགས་ནི་ནད་པ་མཇུག་མཐར་ཤི་བའི་རྒྱུ་རྐྱེན་མང་པོའི་ནང་གི་ཡ་གྱལ་གཅིག་ཡིན་པ་ལས། ནད་རྐྱེན་གཙོ་བོ་ནི་ནད་དུག་གསར་པ་ཞིག་ཡིན་ཤས་ཆེ། དེ་རྗེས་ཁོང་གི་ལྟ་ཚུལ་ཀོང་ཏུང་ཞིང་ཆེན་འཕྲོད་བསྟེན་ཐིང་གིས་དང་ལེན་བྱས་ཏེ་དམིགས་བསལ་གློ་ཚད་ལ་འགོག་རྒོལ་བྱེད་པའི་དབྱེ་མཚམས་གལ་ཆེན་ཞིག་ཏུ་གྱུར།

“非典”期间,他倡导国际合作。他认为这不是一个国家所面临的问题,也不是一个国家的医务人员能独自承担和解决的问题。在来势汹汹的疫情面前,需要联合世界上所有人的智慧来共同面对,靠人类的集体智慧战胜病魔和灾情。他首先跑去香港进行交流。

དམིགས་བསལ་གློ་ཚད་སྐབས་སུ་ཁོང་གིས་རྒྱལ་སྤྱིའི་མཉམ་ལས་དར་སྤེལ་བཏང་། ཁོང་གིས་དེ་ནི་རྒྱལ་ཁབ་ཅིག་ལ་འཕྲད་པའི་གནད་དོན་ཞིག་མིན་ལ། རྒྱལ་ཁབ་ཅིག་གི་སྨན་དོན་མི་སྣ་གཅིག་པུས་འགན་འཁུར་ཐུབ་པ་དང་ཐག་གཅོད་ཐུབ་པའི་གནད་དོན་ཞིག་ཀྱང་མིན་པར་སྙམ། ཛ་དྲག་ཆེ་བའི་ནད་ཡམས་ཀྱི་མདུན་དུ་འཛམ་བུ་གླིང་གི་མི་ཚང་མའི་བློ་གྲོས་མཉམ་འབྲེལ་བྱས་ཏེ་མིའི་རིགས་ཀྱི་ཐུན་མོང་བློ་གྲོས་ལ་བརྟེན་ནས་ནད་ཡམས་དང་གནོད་སྐྱོན་ལས་རྣམ་པར་རྒྱལ་དགོས། ཁོང་ཐོག་མར་ཞང་ཀང་ལ་ཕྱིན་ནས་འབྲེལ་འདྲིས་བྱས་པ་རེད།

钟南山知道自己如果不站出来,后果将是疫情失去控制,人民将付出不可想象的生命代价。他不能跟着说谎。他天天面对一个个抬进来的病人,在生与死的面前,还有什么压力比死人更大?!他并不怕讲实话,因为他有依据,因为他是大夫,正在第一线抢救病人。如果说有压力,只是来自医生的责任。天下没有比救人更大的事,在生死面前其他的事情都不重要。

ཀྲུང་ནན་ཧྲན་གྱིས་གལ་ཏེ་རང་ཉིད་ཀྱིས་ངོ་རྒོལ་མ་བྱས་ན། མཇུག་འབྲས་ནི་ནད་ཡམས་ཚོད་འཛིན་མི་ཐུབ་པ་དང་བསམ་ཡུལ་ལས་འདས་པའི་ཚེ་སྲོག་མང་པོ་ཤོར་རྒྱུ་ཡིན་པ་ཤེས་ཀྱི་ཡོད། ཁོང་གིས་རྫུན་གཏམ་བཤད་མི་རུང་། ཁོང་གིས་ཉིན་ལྟར་ནད་པ་གསར་པ་དང་འཆི་གསོན་ལ་ཐུག་པའི་ནད་པ་མཐོང་དུས། མིའི་ཚེ་སྲོག་ལས་ཆེ་བའི་གནོན་ཤུགས་གང་ཞིག་ཡོད། ཁོང་སྐད་ཆ་དྲང་མོ་བཤད་པར་སྐྲག་གི་མེད། གང་ཡིན་ཞེ་ན། ཁོང་ལ་གཞི་འཛིན་ས་ཡོད་པ་དང་། ཁོང་སྨན་པ་ཡིན་པས་འཐབ་ཕྱོགས་དང་པོར་ནད་པ་མྱུར་སྐྱོབ་བྱེད་བཞིན་ཡོད། གནོན་ཤུགས་ཡོད་པ་ནི་སྨན་པའི་འགན་འཁྲི་ལས་བྱུང་བ་ཡིན། འཇིག་རྟེན་འདིར་མི་སྐྱོབ་པ་ལས་ལྷག་པའི་བྱ་བ་གང་ཡང་མེད། འཆི་གསོན་གྱི་མདུན་དུ་བྱ་བ་གཞན་པ་ཚང་མ་གལ་ཆེན་མིན།

同样,钟南山公布新型冠状病毒肺炎是肯定的人传人,意义重大。公开真相为挽救无数的生命赢得了宝贵的时间。

དེ་དང་འདྲ་བར་ཀྲུང་ནན་ཧྲན་གྱིས་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་འདི་མི་ནས་མི་ལ་འགོ་བའི་དོན་དངོས་ཁྱབ་བསྒྲགས་བྱས་པས་དོན་སྙིང་གལ་ཆེན་ལྡན་ཡོད། གནས་ཚུལ་ངོ་མ་ཡོངས་བསྒྲགས་བྱས་ནས་ཚེ་སྲོག་གྲངས་མེད་སྐྱོབ་ཆེད་རྩ་ཆེའི་དུས་ཚོད་བརྩོན་ལེན་བྱས་ཡོད།

钟南山就是这样一个“蛮”人。他的认真有时连命都不顾。留学英国时,为了搞清一氧化碳对血液氧气运输的影响,他自己当试验品——吸进一氧化碳。他请来皇家医院的同行,向他体内输入一氧化碳,同事不停地抽血检测,当他血液中的一氧化碳浓度达到15%时,医生和护士都叫了起来:“太危险啦!”他们要他停止。这时钟南山就像连续吸了五六十支香烟,开始晕眩,但他摇着头,一脸的刚毅与坚决。他不能半途而废,他要靠实验画出一条完整的曲线。他继续吸入一氧化碳,血红蛋白中的一氧化碳浓度在上升,直到22%,曲线完整显示。钟南山感觉天旋地转。在场的医生都被他的献身精神打动。

ཀྲུང་ནན་ཧྲན་ནི་མི་ཨུ་ཚུགས་ཚ་པོ་འདི་འདྲ་ཞིག་རེད། ཁོང་གིས་ནན་ཏན་བྱེད་སྐབས་སྲོག་ལའང་འཛེམ་བག་མི་བྱེད། དབྱིན་ཇིར་སློབ་སྦྱོང་བྱེད་སྐབས། དབྱང་གཅིག་ཐཱན་རྫས་ཀྱིས་ཟུངས་ཁྲག་གི་དབྱང་རླུང་སྐྱེལ་འདྲེན་བྱེད་པའི་ཤུགས་རྐྱེན་གསལ་རྟོགས་བྱ་ཆེད། ཁོང་གིས་རང་ཉིད་ཚོད་ལྟ་བྱེད་ཡུལ་བྱས་ཏེ་དབྱང་གཅིག་ཐཱན་རྫས་འབྱིན་རྔུབ་བྱས། ཁོང་གིས་གོང་མ་ཚང་སྨན་ཁང་གི་ལས་རོགས་གདན་དྲངས་ནས་ཁོང་གི་གཟུགས་པོའི་ནང་དབྱང་གཅིག་ཐཱན་རྫས་བླུགས་རྗེས་ལས་རོགས་ཚོས་ཟུངས་ཁྲག་ལ་ཞིབ་དཔྱད་ཚད་ལེན་བྱས། ཁོང་གི་ཟུངས་ཁྲག་ནང་གི་དབྱང་གཅིག་ཐཱན་རྫས་ཀྱི་གར་ཚད་15%ཟིན་སྐབས་སྨན་པ་དང་སྨན་ཞབས་པས་ཉེན་ཁ་ཧ་ཅང་ཆེ་ཞེས་སྐད་ཅོར་བརྒྱབ། ཁོ་ཚོས་ཁོང་ལ་མཚམས་འཇོག་བྱེད་རྒྱུའི་རེ་བ་བཏོན། སྐབས་དེར་ཀྲུང་ནན་ཧྲན་བསྟུད་མར་ཐ་མག་རྐང་ལྔ་བཅུ་དྲུག་ཅུ་འཐེན་པ་དང་འདྲ་བའི་མགོ་ཡུ་འཁོར་འགོ་བརྩམས་རུང་། ཁོང་གིས་བློ་རྩ་བརྟན་པོས་མགོ་བོ་གཡུག་གཡུག་བྱས། ཁོང་གིས་ལས་མཐའ་འཁྱོལ་དགོས་པས། ཁོ་བོས་ཚོད་ལྟ་ལ་བརྟེན་ནས་འཁྱོག་ཐིག་ཆ་ཚང་ཞིག་འབྲི་དགོས། ཁོང་གིས་མུ་མཐུད་དུ་དབྱང་གཅིག་ཐཱན་རྫས་འབྱིན་རྔུབ་བྱས་པས། ཁྲག་དམར་སྤྲི་དཀར་ཁྲོད་ཀྱི་དབྱང་གཅིག་ཐཱན་རྫས་ཀྱི་གར་ཚད་22%ལ་སླེབས་པ་དང་། འཁྱོག་ཐིག་ཆ་ཚང་མངོན་ཐུབ་པ་བྱུང་། ཀྲུང་ནན་ཧྲན་ལ་གནམ་ས་འཁོར་བའི་ཚོར་བ་ཤུགས་ཆེན་བྱུང་། དེ་གར་ཡོད་པའི་སྨན་པ་ཚང་མ་ཁོང་གིས་རང་སྲོག་བློས་གཏོང་གི་སྙིང་སྟོབས་ལ་སེམས་འགུལ་ཐེབས་པ་རེད།

     正是因为这种科学精神、献身精神,钟南山在医学上取得了丰硕的成就。在抗击“非典”的生命博弈中,他摸索出了一条行之有效的“三早三合理”的治疗办法,这成了广东抗击“非典”的一个转折点。从此,广东“非典”疫情的气焰渐渐被压制住了。抗击新冠肺炎疫情,钟南山同样率领团队投入到病人救治和医药科研攻关上。他让中医直接介入,以中医药做基础实验和临床试验,在医疗过程中观察新的治疗办法。他们结合岭南气候、水土、饮食、人文等特点,针对疫病四诊资料,很快拟定出新冠肺炎预防凉茶处方,既可给医护人员定期饮用,也适用居家隔离防疫的市民饮用……

ཚན་རིག་གི་སྙིང་སྟོབས་དང་རང་སྲོག་བློས་གཏོང་གི་སྙིང་སྟོབས་ཡོད་པར་བརྟེན་ཀྲུང་ནན་ཧྲན་ལ་གསོ་རིག་ཐད་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད།དམིགས་བསལ་གློ་ཚད་ལ་འགོག་རྒོལ་བྱེད་པའི་དམག་འཐབ་ཁྲོད། ཁོང་གིས་སྤྱོད་གོ་ཆོད་པའི་སྔ་ཙམ་གསུམ་དང་ལུགས་མཐུན་གསུམ་གྱི་སྨན་བཅོས་བྱེད་ཐབས་ཤིག་འཚོལ་ཞིབ་བྱས་པས། དེ་ཀོང་ཏུང་གིས་དམིགས་བསལ་གློ་ཚད་ལ་འགོག་རྒོལ་བྱེད་པའི་དབྱེ་མཚམས་ཤིག་ཏུ་གྱུར། དུས་དེ་ནས་བཟུང་ཀོང་ཏུང་གིས་དམིགས་བསལ་གློ་ཚད་ལ་ཚོད་འཛིན་ཡག་པོ་བྱེད་ཐུབ་ཡོད། ཏོག་གསར་གློ་ཚད་ཀྱི་ནད་ཡམས་ལ་འགོག་རྒོལ་བྱེད་སྐབས། ཀྲུང་ནན་ཧྲན་གྱིས་ཚོགས་པའི་སྣེ་ཁྲིད་དེ་ནད་པ་སྐྱོབ་བཅོས་དང་སྨན་བཅོས་ཚན་ཞིབ་ཀྱི་འགག་སྒྲོལ་ལས་ཀར་ཞུགས་པ་རེད། ཁོང་གིས་ཀྲུང་ལུགས་གསོ་རིག་མཉམ་ཉུགས་ཀྱིས་ཀྲུང་ལུགས་གསོ་རིགས་སྨན་རྫས་ཀྱིས་རྨང་གཞིའི་ཚོད་ལྟ་དང་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟ་བྱས་ཏེ་སྨན་བཅོས་བྱེད་རིང་སྨན་བཅོས་བྱེད་ཐབས་གསར་པར་ལྟ་ཞིབ་བྱས། ཁོང་ཚོས་ཀོང་ཏུང་གི་གནམ་གཤིས་དང་། ཡུལ་བབ། རིག་གནས་སོགས་ཀྱི་ཁྱད་ཆོས་ཟུང་འབྲེལ་བྱས་ཏེ། ནད་ཡམས་བརྟག་ཐབས་བཞིའི་ཡིག་ཚགས་ལ་གཞིགས་ནས་ཏོག་གསར་ནད་དུག་སྔོན་འགོག་བྱེད་པའི་གྲང་ཇའི་སྨར་སྦྱོར་འཆར་འགོད་གཏན་འབེབས་བྱས་པ་དང་། སྨན་པ་དང་སྨན་ཞབས་པས་དུས་བཀག་ལྟར་བཏུང་ཆོག་ལ། ཁྱིམ་དུ་ལོགས་བཀར་རིམས་འགོག་བྱེད་མཁན་གྲོང་མིས་བཏུང་ནའང་ཆོག

新型冠状病毒的气焰开始下挫了,疫情出现了积极变化。战胜新冠肺炎疫情的曙光已经初现。

ཏོག་གསར་ནད་དུག་གི་རྫིག་ཉམས་རིམ་བཞིན་ཉམས་ཟད་དུ་ཕྱིན་པ་དང་། ནད་ཡམས་འགོག་བཅོས་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ཡོད་པས། ཏོག་གསར་གློ་ཚད་ཀྱི་ནད་ཡམས་འགོག་བཅོས་ལ་རྒྱལ་ཁ་ཐོབ་ལ་ཉེ།

中国有一个钟南山,是我们这个时代的幸运!

ཀྲུང་གོར་ཀྲུང་ནན་ཧྲན་ཡོད་པ་དེ་ནི་ང་ཚོའི་དུས་རབས་འདིའི་བསོད་ནམས་རེད།